སྨན་སྣ་1029ཞིང་ཆེན་གྱི་སྨན་བཅོས་འགན་བཅོལ་ནང་བཞག་པ།

དོན་གྲུབ་ཆོས་སྒྲོན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-24



        ཉེ་ཆར། སི་ཁྲོན་ཞིང་ཆེན་སྨན་བཅོས་འགན་ལེན་ཅུས་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས《སི་ཁྲོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ལས་རྨས་འགན་བཅོལ། བུ་བཙའ་འགན་བཅོལ་བཅས་ཀྱི་སྨན་བཅོས་སྡེ་ཚན་གྱི་སྨན་རྫས་ཀྱི་དཀར་ཆག(2022ལོ)》མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་སྡེ་ཚན་80ཡིས་སྡེབ་སྦྱོར་བྱས་པའི་སྨན་རྫས་རིགས་2867གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ལས་རྨས་འགན་བཅོལ། བུ་བཙའ་འགན་བཅོལ་བཅས་ཀྱི་ཐེབས་རྩ་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པ་རེད། དཀར་མཛེས་ཁུལ་ཡི་སྨན་བཅོས་སྡེ་ཚན་གྱིས་སྡེབ་སྦྱོར་བྱས་པའི་བོད་སྨན་སྣ་ཁ་1029ཡང་དེའི་ནང་བཅུག་ཡོད་པ་རེད།

        “བོད་ལུགས་གསོ་རིག་གི་སྨན་རྫས་རིགས་1029སི་ཁྲོན་ཞིང་ཆེན་གྱི་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་སུ་བཅུག་པར་དཀར་མཛེས་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་སྔར་ལས་ཇེ་ཡང་དུ་གཏང་ངེས” དཀར་མཛེས་ཁུལ་སྨན་བཅོས་འགན་བཅོལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་རྗེས་མར་དཀར་མཛེས་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ལས་ཀའི་དོན་དངོས་ལ་གཞིགས་ཏེ་ཆ་རྐྱེན་དང་འཚམ་པ་དང་མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཡོད་པའི་བོད་སྨན་སྨན་རྫས་དང་སྨན་བཅོས་རྣམ་གྲངས་མང་པོ་ཞིག་དུས་ཐོག་ཏུ་སྨན་བཅོས་འགན་ལེན་གྱི་ཁྱབ་ཁོངས་ནང་བཅུག་ནས་འགན་བཅོལ་ནང་ཞུགས་མཁན་གྱི་སྨན་རྫས་འགན་ལེན་ཆུ་ཚད་མཐོ་རུ་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།

        དཀར་ཆག་དེ་ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་གོ་ཆོད་དུས་ཡུན་ལོ་5ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1