ཟླ་4ཚེས་12ཉིན། བོད་ལྗོངས་ཉིང་ཁྲིའི་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་ཁོངས་རྫ་ཡུལ་སྟོད་ཀྱི་མཐའ་མཚམས་མངགས་གཏོང་ཁང་དུ་མང་ཚོགས་ཀྱི་ཉེན་བརྡ་འབྱོར་བ་དང་། ཁོངས་གཏོགས་དེའི་དམིགས་སྒོ་གྲོང་ཚོའི་ལས་ཡུལ་དང་པོའི་ཉེ་འགྲམ་དུ། ཏི་ཕུ་དང་འདྲ་བའི་བདག་མེད་སྲོག་ཆགས་རྨས་སྐྱོན་ཕོག་པར་འདྲ་བ་ཞིག་མཐོང་།
མི་དམངས་ཉེན་རྟོག་པས་མྱུར་དུ་ཡུལ་དངོས་སུ་བསྐྱོད་དེ་བྱ་དེ་ཉིད་མངགས་གཏོང་ཁང་ལ་འཁྱེར་ནས་རོགས་སྐྱོབ་བྱས།
ཤེས་རྟོགས་བྱུང་བ་ལྟར་ན། སྲོག་ཆགས་འདི་ནི་རྒྱལ་ཁབ་ཀྱི་སྲུང་རིམ་དང་པོའི་སྲུང་བྱ་ཏི་ཕུ་ཡིན་པ་དང་། རྨས་སྐྱོན་མངོན་གསལ་མཐོང་རྒྱུ་མེད་ཀྱང་། དུས་རྒྱུན་བཞིན་མི་འགུལ་བ་དང་བཟའ་བཏུང་བྱེད་མི་ཐུབ་སྟབས། ཉེན་རྟོག་པས་ས་གནས་དེ་གའི་ནགས་ཚལ་སྤྱི་བདེ་ལས་ཁུངས་ལ་སྤྲད་ནས་རོགས་སྐྱོར་དང་ལེན་སྔར་ལས་ལྷག་པར་བྱེད་དུ་བཅུག
ཤེས་རྟོགས་བྱུང་བར་གཞིགས་ན། བྱ་རིགས་ཏི་ཕུ་ཁ་དོག་སྣ་མང་དུ་འབོད་པ་འདི་ནི་ས་བབ་མཐོ་ཚད་སྨི་2500ནས་4500བར་གྱི་རི་མཐོའི་ཁབ་ལོའི་ནགས་ཚལ་དང་། རི་མཐོའི་སྤང་ལྗོངས། བ་ལུ་བཅས་ཀྱི་ཁྲོད་དུ་འཚོ་བ་དང་། སྡོང་ཐུང་དང་རྩྭ་རིགས་རྩི་ཤིང་གི་ཡལ་ག་སྙི་མོ། འབུད་མ་ཐག་པའི་ལོ་མ། རྩ་བ། འབྲས་བུ། ས་བོན་སོགས་ཟས་སུ་བྱེད། རང་རྒྱལ་དུ་གཙོ་བོ་བོད་ཀྱི་ལྷོ་རྒྱུད་དང་ཤར་ལྷོའི་རྒྱུད་ཀྱི་ས་གནས་ཁག་ཏུ་ཡོད།