ལིས་རྫོང་གིས་ཏང་གི་ཚོགས་ཆེན་20བའི་སློབ་སྦྱོང་འགྲན་བསྡུར་སྤེལ།

བདེ་སྐྱིད་པད་མོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 04-25


        ཟླ་4ཚེས་17ཉིན། ལིས་རྫོང་གིས་“ཏང་གི་ཚོགས་ཆེན་ཉི་ཤུ་བར་སློབ་སྦྱོང་བྱས་ནས་རླབས་ཆེན་གྱི་ལམ་བུ་གསར་བར་སྐྱོད་པ”ཞེས་པའི་ལིས་རྫོང་གི་རིགས་པའི་གཞུང་ལུགས་སྐབས་དང་བོའི་སྒྲོག་འགྲེལ་འགྲན་བསྡུར་ཆེན་མོའི་རྟིང་རྩོད་འགྲན་སྡུར་སྤེལ།

        རྟིང་རྩོད་འགྲན་སྡུར་ཁྲོད་དུ། འགྲན་ཞུགས་པ་ཚོས་ཚང་མས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་“ཏང་གི་ཚོགས་ཆེན་ཉི་ཤུ་བར་སློབ་སྦྱོང་བྱས་ནས་རླབས་ཆེན་གྱི་ལམ་བུ་གསར་བར་སྐྱོད་པ”སྒྲོག་འགྲེལ་བྱས། འགྲན་ཞུགས་པ་སོ་སོའི་སྒྲོག་འགྲེལ་ནི་རང་ཉིད་ཀྱི་འགྲམ་གྱི་དངོས་ཡོད་བྱ་བ་ནས་མགོ་བཙུགས་ཏེ། ལྷད་མེད་ཀྱི་ཡིད་འགྱུར་དང་མི་སེམས་འགུལ་ལ་བབ་ཆགས་པའི་གཏམ་རྒྱུད་ཀྱིས་སྒྲོག་འགྲེལ་བྱས་པས། ཡུལ་དངོས་ན་ཡོད་པའི་ལྟད་མོ་བ་ཚང་མར་སེམས་འགུལ་ཚད་མེད་ཐེབས་སུ་བཅུག་པ་དང་། ལིས་རྫོང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོའི་བློ་སྟོབས་ཆེར་སྐྱེད་དང་། འགན་འཁྲི་འཁུར་ཕོད་པ། འབད་འབུངས་མདུན་སྐྱོད་བཅས་ཀྱི་ཉམས་འགྱུར་གང་ལེགས་མངོན་པར་བྱས།

        འགྲན་ཞུགས་པ་ཅིན་ཡན་གྱིས། དེ་རིང་གི་“ཏང་གི་ཚོགས་ཆེན་ཉི་ཤུ་པར་སློབ་སྦྱོང་བྱས་ནས་རླབས་ཆེན་གྱི་ལམ་བུར་སྐྱོད་པའི”གཙོ་དོན་སྒྲོག་འགྲེལ་འགྲན་བསྡུར་ནང་ཞུགས་རྒྱུའི་གོ་སྐབས་ལྡན་པ་ཧ་ཅང་དགའ་བ་དང་། སྒྲོག་འགྲེལ་འགྲན་བསྡུར་ཁྲོད་ཞུགས་པ་བརྒྱུད་རང་ཉིད་ལ་གྲུབ་འབྲས་ཆེན་པོ་ཐོབ་བྱུང་ལ། སྔོན་ཐོན་གྱི་ལས་ཀའི་ཉམས་མྱོང་དང་ལས་ཀའི་བྱེད་ཐབས་སོགས་ཚང་མ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱེད་ཐུབ་ཡོད་ཅེས་བཤད།

        འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། མཇུག་མཐར་བྱ་དགའ་རིམ་པ་དང་བོ་1དང་། བྱ་དགའ་རིམ་པ་གཉིས་པ་2། བྱ་དགའ་རིམ་པ་གསུམ་པ་3། ཕུལ་བྱུང་བྱ་དགའ་5། རྩ་འཛུགས་བྱ་དགའ་4བཅས་བདམས།

        རྒྱུས་ལོན་པ་ལྟར་ན། ད་ཐེངས་ཀྱི་སྒྲོག་འགྲེལ་འགྲན་བསྡུར་གྱི་དམིགས་ཡུལ་ནི་གཞི་རིམ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་རྐང་འཛིན་པ་གསོ་སྐྱོང་བྱེད་པ་དང་། རྫོང་ཡོངས་ཀྱི་གཞི་རིམ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ཆུ་ཚད་མཐོ་རུ་བཏང་སྟེ། ཁུལ་བཙུགས་ནས་ལོ་70འཁོར་བར་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་གཏོད་རྒྱུ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1