བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་བོད་ཀྱི་བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་དང་བཀྲས་ལྷུན་དགོན་མཛེས་ལྗོངས་ཁུལ་རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཚད་གཞིར་སླེབས་པས། མཛེས་ལྗོངས་ཁུལ་འདི་ཉིད་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་འགྱུར་རྒྱུའི་ཆོག་མཆན་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། དེས་ན་བོད་ལྗོངས་སུ་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་4ཡོད་པ་དེ་དག་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་དུ་གཏོད་རྒྱུ་ཡིན་པ་རེད། ཚེས་8ཉིན་རྒྱལ་ཡོངས་ཡུལ་སྐོར་བོད་སྐྱོར་ལས་དོན་ཚོགས་འདུ་ཉིང་ཁྲིར་འཚོགས་ཤིང་། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་བྲག་གསུམ་མཚོ་དང་བཀྲས་ལྷུན་དགོན་ལ་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བྱང་བུ་སྤྲད་པ་རེད། གསར་འགོད་པས་མཛེས་ལྗོངས་ཁུལ་གཉིས་པོའི་འགན་ཁུར་བར་བཅར་འདྲི་བྱེད་སྐབས་འདི་ལོ་མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་གནས་སྐབས་ལེགས་སྒྲིག་བྱ་རྒྱུ་མིན་པ་ཤེས་རྟོགས་བྱུང་བ་རེད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཝང་སུང་ཕིང་གིས་མིག་སྔར་བོད་ལྗོངས་ལ་ལྷ་སའི་ཕོ་བྲང་པོ་ཏ་ལ་དང་། ལྷ་སའི་གཙུག་ལག་ཁང་། ཉིང་ཁྲིའི་བྲག་གསུམ་མཚོ། གཞིས་རྩེའི་བཀྲས་ལྷུན་དགོན་བཅས་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་4ཡོད། བྲག་གསུམ་མཚོ་འདི་ཉིད་བོད་ཀྱི་A5རིམ་པའི་སྣོད་བཅུད་རང་བྱུང་ཡུལ་སྐོར་མཛེས་ལྗོངས་ཁུལ་ཐོག་མར་གྱུར་ནས་བོད་ལྗོངས་ཀྱི་སྣོད་བཅུད་ཡུལ་སྐོར་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་ཁྲིད་བྱ་རྒྱུ་རེད། ང་ཚོས་རིག་ལྡན་མཛེས་ལྗོངས་ཁུལ་དང་དེ་བཞིན་རིག་ནུས་བདེ་སྲུང་ལས་གྲྭ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་དང་། འགྲིམ་འགྲུལ་ཁོར་ཡུག ཟས་སྡོད་ཆ་རྐྱེན་སོགས་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞེས་བརྗོད། དེས་མ་ཚད། གོམ་སྟབས་རྗེས་མར་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་མཛོད་བཙུགས་ཏེ་ཞིང་འབྲོག་པར་རྩེར་སོན་ཞག་སྡོད་དང་། སྤུས་ལེགས་རྐང་ཐང་བྱེད་སྒོ ལེ་ལག་ཚང་བའི་དྲེལ་པ་སོགས་གཉེར་རྒྱུར་ལྕག་སྐུལ་དང་རོགས་སྐྱོར་གྱིས་ཡུལ་སྐོར་ལ་བརྟེན་ནས་མང་ཚོགས་ཕྱུག་པོ་ཆགས་པ་བྱ་རྒྱུ་ཡིན”ཞེས་ཀོང་པོ་རྒྱ་མདའ་རྫོང་ཨུད་ཀྱི་ཧྲུའུ་ཅི་སྐལ་ལྡན་ཕུན་ཚོགས་ཀྱིས་བརྗོད།