ཨ་སྔོན་དབྱིངས་ཀྱི་རྣམ་ཤེས་རྒོད་པོ་སྟེ་བྱང་ཐང་གི་ལེའུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-26


ཁྲུང་ཁྲུང་སྐེ་ནག

        བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་དུ་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་སྨི་གྲུ་བཞི་མ་ཁྲི་29.8ཡོད་པ་དང་། སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ནི་ཉར་ཚགས་ཆ་ཚང་ཞིང་དམིགས་བསལ་གྱི་མཐོ་གྲང་སྐྱེ་ཁམས་མ་ལག་དང་སྲོག་ཆགས་རྨིག་ཅན་ཆེ་གྲས་སྣ་ཚོགས་རེད། གནས་འདིའི་གངས་རི་དང་འཁྱགས་ཀླུང་མུ་འབྲེལ་དུ་ཆགས་ཤིང་། རི་སྐྱེས་སྲོག་ཆགས་མང་པོ་ཡངས་པའི་ཐང་དུ་རང་དགར་རྒྱུ། དྭངས་གསལ་མཚོ་མོས་ཡིད་དབང་རབ་ཏུ་འཕྲོག རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་ཐོབ་པའི་རི་སྐྱེས་སྲོག་ཆགས་རིགས་10དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་ཐོབ་པའི་རི་སྐྱེས་སྲོག་ཆགས་རིགས་21ཡོད་ཅིང་། དེ་ལ“རི་སྐྱེས་སྲོག་ཆགས་ཀྱི་སྐྱེད་ཚལ”“ཞེས་སུ་འབོད།

        མིག་སྔར། གཙོད་ཀྱི་གྲངས་འབོར་དུས་རབས་20པའི་དམའ་ཤོས་སྐབས་ཀྱི་ཁྲི་7ལྷག་ཙམ་ནས་ཁྲི་30ལྷག་ཙམ་བར་མང་དུ་ཕྱིན་ཡོད་པ་རེད། སྲུང་སྐྱོབ་རིམ་པ་དེ་སྟོངས་ལ་ཉེ་བའི་སྲོག་ཆགས་ནས་ཉེན་ཡོད་སྲོག་ཆགས་སུ་མར་ཆག་པ་དང་།  འབྲོང་གི་ཁ་གྲངས་དུས་རབས་20པའི་ཁྲི་1ཙམ་ནས་ཁྲི་2ལྷག་བར་མང་དུ་ཕྱིན་ཡོད།

        རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་པོ་ཞིག་ཡིན་པའི་ངོས་ནས། བོད་ལྗོངས་ཀྱིས“རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས།

        སྐྱེ་ཁམས་དམིགས་བསལ་གྱིས་སྔོན་ལ་འཇོག་པ་དང་། སྲུང་སྐྱོབ་བྱེད་པ་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་བྱས་ནས། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་འཐབ་ཇུས་ཁུལ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཔེ་སྟོན་ཁུལ། ལྗང་མདོག་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ། རང་བྱུང་སྲུང་སྐྱོབ་ཀྱི་དཔེ་མཚོན་ཁུལ། སྐྱེ་ཁམས་དམངས་ཕྱུག་སྔོན་ལ་ལག་བསྟར་བྱེད་ས་བཅས་སུ་འཛུགས་སྐྲུན་བྱས་པ་རེད།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་པ་དང་།  མིག་སྔར། རིམ་པ་ཁག་དང་རིགས་མི་འདྲ་བའི་རང་བྱུང་སྲུང་སྐྱོབ་ཁུལ་47བཙུགས་ཡོད།

        སྐྱེ་ཁམས་བྱེད་ནུས་སྲུང་སྐྱོང་ཁུལ་སྣ་ཚོགས་22བསྐྲུན་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་ཡོད།

        《2021ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ལས་མངོན་པར། བོད་ལྗོངས་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ་རེད།

འབྲོང་།

རྐྱང་།

བྱ་རྒོད།

གོང་མོ།

སྦྲེ།

ཁྲུང་ཁྲུང་མགོ་ཁྲ།

གསའ།

གཙོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1