གུས་ཞབས་ཞེས་པ་ནི་སྐད་བརྡ་དང་བྱ་སྤྱོད་ཐད་ཀྱི་ཁེངས་སྐྱུང་གུས་བཀུར་གྱི་མངོན་ཚུལ་ཞིག་ཡིན། གུས་ཞབས་ནི་མི་དང་མིའི་དབར་འབྲེལ་གཏུག་བྱེད་པའི་ཁྲོད། ཕན་ཚུན་གུས་བཀུར་དང་མཛའ་མཐུན་མཚོན་པར་བྱེད་པའི་བྱ་སྤྱོད་ཞིག་ཡིན་པ་དང་། དེས་དུས་རབས་ཀྱི་དར་སྲོལ་དང་མི་རྣམས་ཀྱི་ཀུན་སྤྱོད་དང་མི་རྣམས་ཀྱི་རིག་གནས་བྱང་ཚད་དང་རིག་གནས་ཆུ་ཚད་མཚོན་པར་བྱེད་ཀྱི་ཡོད། གུས་ཞབས་ནི་མི་དང་མིའི་དབར་གྱི་འབྲེལ་བར་སྤྱོད་ཚུལ་འཛིན་སྟངས་ཀྱི་ཕྱི་ངོས་མཚོན་ཚུལ་ཞིག་ཡིན་པ་དང་། བཟོ་ལྟ་དང་། རྣམ་པ། གཏམ་གླེང་བྱ་སྤྱོད་སོགས་བརྒྱུད་ནས་མི་རྣམས་ལ་བརྩི་འཇོག་བྱེད་པ་མཚོན་གྱི་ཡོད། ཆེས་གཞི་རྩའི་རྒྱུན་སྤྱོད་གུས་ཞབས་ནི་ཡར་ཕེབས་ཐུགས་རྗེ་ཆེ་དགོངས་པ་མ་ཚོམ་ལ་སོགས་པ་ལྟ་བུ་ཡིན། གུས་ཞབས་དེ་སེམས་ནང་ནས་བྱེད་དགོས་པ་དང་། དེ་འདྲ་བྱས་ཚེ་གཞི་ནས་མི་དང་འབྲེལ་བ་བྱེད་པའི་བརྒྱུད་རིམ་ཁྲོད། གཏམ་གླེང་དང་བྱ་སྤྱོད་བརྒྱུད་ནས་ཁེངས་སྐྱུང་དང་གུས་བཀུར་མཚོན་པར་བྱེད་ཐུབ།