༄༅།།བོད་ལྗོངས་ཀྱིསG219ལམ་རྒྱུད་དུ་བགྲོད་ལམ་ཆེན་པོའི་ཡུལ་སྐོར་དཔལ་འབྱོར་ཁུལ་བཏོད་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 05-04


བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གཙོ་སྒྲུབ་བྱས་པ་དང་ཀྲུང་གོའི་ཡུལ་སྐོར་སྡེ་ཚོགས་ཡུལ་སྐོར་ཚད་ཡོད་ཀུང་སིས་སྒྲུབ་འགན་འཁུར་བའི“རྒྱལ་ཁབ་ཀྱི་བགྲོད་ལམ་ཆེན་པོ་བརྒྱུད་ནས་བོད་ལྗོངས་སུ་ཡུལ་སྐོར་བྱེད”ཅེས་པའི་རྒྱལ་ལམG219བོད་ལྗོངས་མཚམས་ཀྱི་ཚོང་གཉེར་འོས་སྦྱོར་ཚོགས་འདུ་ཚེས23ཉིན་པེ་ཅིན་དུ་བསྡུས། དེའི་རིང་ཚོགས་འདུར་ཞུགས་པའི་པེ་ཅིན་དང་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་ཐུན་མོང་ཐོག་འགྲུལ་བ་བོད་ལྗོངས་སུ་འདྲེན་པའི་མགོ་ཚུགས་མཛད་སྒོ་སྤེལ་བ་རེད། རྒྱལ་ལམ G219བྱང་གི་ཞིན་ཅིང་ཁ་ན་སི་ནས་མགོ་ཚུགས་པ་དང་ལྷོ་ཡི་ཀོང་ཞིས་ཏུང་ཞིན་གྲོང་ཁྱེར་དབར་ཡོད་ཅིང་། ཞིན་ཅིང་དང་བོད་ལྗོངས། ཡུན་ནན། ཀོང་ཞི་སོགས་ཞིང་ཆེན་དང་གྲོང་ཁྱེར4བརྒྱུད་དགོས་པ་དང་། དེ་ནི་ཀྲུང་གོའི་ནུབ་བྱང་དང་ལྷོ་ནུབ་ས་ཁུལ་གྱི་མཐའ་མཚམས་གཞུང་ལམ་ཡིན། 219གསར་བའི་ལམ་ཐིག་ཧྲིལ་བོའི་རིང་ཚད་ལ་སྤྱི་ལེ10065ཡོད་པ་དང་དེ་ནི་ཀྲུང་གོའི་ལམ་ཐག་ཆེས་རིང་བའི་རྒྱལ་ལམ་ཡིན། དེའི་ཁྲོད་རྒྱལ་ལམG219བོད་ལྗོངས་མཚམས་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ3486ཡོད་ཅིང་། དེ་ནུབ་ཕྱོགས་ཀྱི་མངའ་རིས་ས་ཁུལ་རུ་ཐོག་རྫོང་དུ་མགོ་ཚུགས་ནས་མངའ་རིས་དང་གཞིས་ཀ་རྩེ། ལྷོ་ཁ། ཉིང་ཁྲི་བཅས་གྲོང་ཁྱེར་དང་ས་ཁུལ་བཞི་བརྒལ་ཏེ། མཇུག་མཐར་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ནས་བོད་ལྗོངས་ཀྱི་མངའ་ཁོངས་དང་བྲལ་ཡོད། པེ་ཅིན་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུའུ་ཡི་བོད་སྐྱོར་འགན་བཏགས་ལས་བྱེད་པའམ་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝང་རུའེ་ཡིས་ལྷ་ས་གྲོང་ཁྱེར་གྱི་གཞན་དང་མི་འདྲ་བའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ལེགས་ཆ་ངོ་སྤྲོད་བྱས། རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་བོད་ལྗོངས་ཡུལ་སྐོར་སྡེ་ཁག་གིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ཚད་ལྡན་ཅན་དུ་འཛུགས་སྐྲུན་གྱི་ཉིང་ཁྲིའི་ཚོད་ལྟའི་ལས་དོན་གྱི་ཉམས་མྱོང་སྤྱི་བསྡོམས་ལེགས་པོ་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྲུན་ཁྱབ་གདལ་དུ་གཏོང་དགོས། མེ་ཏོག་དང་སྨར་ཁམས། མཚོ་སྣ། སྤོ་མེས། དིང་རི། སྤུ་ཧྲེང་སོགས་སུ་ཡུལ་སྐོར་མིང་གྲགས་རྫོང་བཏོད་པར་སྐུལ་འདེད་གཏོང་བ། G219ལམ་རྒྱུད་ཀྱི་བགྲོད་ལམ་ཆེན་པོའི་ཡུལ་སྐོར་དཔལ་འབྱོར་ཁུལ་བཏོད་པར་དམིགས་ཏེ། མུ་མཐུད་དུG318དངG219སོགས་བོད་ལྗོངས་སུ་ཕར་འགྲོ་ཚུར་འོང་བྱེད་པའི་མ་ལམ་འགྲམ་རྒྱུད་ཀྱི་ཡུལ་སྐོར་རྨང་གཞིའི་ཞབས་ཞུ་མཐོར་འདེགས་སུ་གཏོང་དགོས། ཤེས་གསལ་ལྟར་ན། ད་ལོའི་དུས་ཚིགས་དང་པོར་བོད་ལྗོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི255.74སྣེ་ལེན་བྱས་ནས་དུས་མཉམ་ལས 39.63%འཕར་ཡོད་པ་དང་། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར20.30བྱུང་བ་དང་དུས་མཉམ་ལས42.89%འཕར་ཏེ། ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་མངོན་གསལ་མཐོར་འདེགས་སུ་ཕྱིན་ཡོད་པ་དང་ཡུལ་སྐོར་དཔལ་འབྱོར་གོང་འཕེལ་གྱི་རྣམ་པར་ངར་ཤུགས་ལྡན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1