གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་བོད་ལྗོངས་ཀྱི་གནམ་མཚོ་མཚོ་ཁ་འབྱེད་པའི་དུས་སྐབས་སུ་སླེབས་ཡོད། མཁའ་དབྱིངས་ནས་ཐུར་དུ་བལྟས་ཚེ། འཁྱགས་དར་ཞུ་འགོ་བཙུགས་པ་དང་། དུམ་བུར་མཆེད་པའི་འཁྱགས་དར་དྭངས་གཙང་གི་མཚོ་ཁར་གཡེང་ནས་ཡོད་པ་དག་ནི་རྒྱང་རིང་གི་གངས་རི་དང་ཕན་ཚུན་བསྣོལ་མར་ཡིད་དུ་འོང་བའི་ལྗོངས་རྣམ་ཞིག་གྲུབ། གནམ་མཚོ་ཕྱུག་མོ་ནི་བོད་རང་སྐྱོང་ལྗོངས་ཀྱི་དབུས་རྒྱུད་དུ་ཆགས་ཡོད་ལ། ས་བབ་མཐོ་ཚད་སྨི་4718ཟིན་ཞིང་། དེ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཚྭ་མཚོ་ཆེ་གྲས་ཤིག་རེད།