༄༅།།རྒྱ་ནག་ལུང་གཤིས་རྡོ་རྗེའི་གདན་གྱི་མཆོད་རྟེན་གྱི་ལོ་རྒྱུས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-06


   མི་རྣམས་ཡུལ་ལ་བརྟེན་ནས་འཚོ། །ཡུལ་ནི་སྐྱེས་མཆོག་བརྟེན་ཏེ་རྒྱས། །རྒྱལ་བའི་དགོངས་དོན་ཆོས་དཔེ་སྟོན། །བྱིན་རླབས་འོད་ཟེར་ཕྱོགས་བཞིར་འཕྲོ། །དེ་ཡང་ཕུན་ཀྲོའུ་གྲོང་ཁྱེར་ནི་ཅིན་རྒྱལ་རབས་ཤར་མའི་སྐབས་རྒྱ་གར་གྱི་དགེ་སློང་བུདྡྷ་ཐུ་བྲན་དང་།  ལིང་རྒྱལ་རབས་དུས་ཀྱི་དབུ་བླ་ཀྲི་ཀང་།   ཐང་རྒྱལ་རབས་དབུ་བླ་ཝུ་ཏཱ་དང་དགེ་སློང་ཏའོ་དབྱིན། རྒྱལ་རབས་ལྔའི་དུས་སུ་དགེ་སློང་ཡུང་ཀྲི།  སུང་རྒྱལ་རབས་སྐབས་ཀྱི་དབུ་བླ་ཡོན་ཝུའུ།  མིང་རྒྱལ་རབས་དུས་ཀྱི་དབུ་བླ་ཀྲི་ཀྲུང་ཡུས་ཐེནསོགས་བྱོན་པས་བསྟན་འདུན་གནས་མཆོག་ཏུ་གྲགས་པ་མ་ཟད་ཐེན་ཕུན་མཛེས་ལྗོངས།  ལུང་གཤིན་དགོན། ལུང་གཤིན་མཆོད་རྟེན་བཅས་གསུམ་གྱི་མཆོག་གསུམ་ཞིང་ཁམས་ཀྱང་གྲགས།   ལུང་གཤིན་དགོན་ནི་ཅིན་རྒྱལ་རབས་དུས་སུ་གསར་བཞེངས་བྱས་ལ་ཏཱ་ཁཡང་དགོན་ཞེས་མཚན་ཐོགས།  ཐང་རྒྱལ་རབས་ཙུའུ་ཙེ་ཐན་ཏཱ་ཡན་དགོན་ཞེས་བསྒྱུར།  ཐང་ཞོན་ཙུང་སྐབས་སླར་ཡང་ལུང་གཤིན་དགོན་དུ་བསྒྱུར།  ཐང་ཝུའུ་ཙུང་གིས་ཆོས་བསྣུབས་སྐབས་དགོན་པ་འདི་ཡང་གཏོར་བཤིག་ཕོག་པས་རྒྱལ་རབས་ལྔའི་སྐབས་ཀྱི་དགེ་སློང་ལུས་ཀྲིས་ཀྱིས་གསར་བཞེངས་རྒྱ་བསྐྱེད་མཛད་དེ་སྐུ་འདྲ་གྲྭ་ཤག་དང་གྲྭ་པ་མི་ཉུང་བ་འཛོམས་པས་ཆོས་ཀྱི་གཙོ་གནས་སུ་གྱུར་ཏོ།།  ཆིང་རྒྱལ་རབས་དུས་མཇུག་ཏུ་འབར་མའི་རྒྱལ་པོའི་སྟོན་པའི་སྐུ་འདྲ་གཡང་ཊི་མ་ཞིག་དང་།  སི་ལིང་ལན་ཁའི་རྒྱལ་པོས་རིང་སྲེལ་དང་ཏ་ལའི་ལོ་མའི་ཆོས་དཔེ།  འཇའ་པ་ནས་བཀའ་འགྱུར་ཆེན་པོ་བཅས་གནང་ངོ་། །  ༡༩༤༩ལོ་ཁྲེན་ཏུའུ་བཅིངས་གྲོལ་མ་བཏང་གོང་དུ་ཁྲང་ཁམས་དམག་དཔོན་ལུའུ་ཅན་ཧུང་དང་ཏུན་ཞིའི་ཧུའུ་ཕའ་ཝང་ཧཱ་བཅས་གསུམ་ལུང་གཤིན་དགོན་པ་རུ་ཐོན།   དབུ་བླ་ལུང་ཧའེ་ཡི་དེ་གར་ཆོས་གསུངས་པ་དང་ཞི་བའི་གྲོས་ཚོགས་སུ་ཞུགས་ཏེ་རྒྱལ་ནང་ཁྲག་དོན་ཆོན་པོ་བྱུང་བ་ལ་སྔོན་འགོག་གི་ནུས་པ་སྟོན་ཡོད།   དེས་ན་ཕང་ཀྲོའུ་ལུང་ལུང་གཤིན་དགོན་གྱི་སྙན་གྲགས་ཕྱོགས་ཀུན་ཁྱབ་པ་མ་ཟད་ལུའུ་ཏུན་ཕེང་དམག་དཔོན་ཆེན་པོ་གསུམ་གྱི་དྲན་རྟེན་བྱས་ཡུལ་ཡང་ཡིན།  ལུང་གཤིན་མཆོད་རྟེན་ནི་རྒྱལ་བ་དགོངས་པ་རྫོགས་རྗེས་རྒྱལ་པོ་མྱ་ངན་མེད་ཀྱིས་དགོན་པ་བརྒྱད་ཁྲི་བཞི་སྟོང་བཞེངས་ཏེ་སྟོན་པའི་རིང་སྲེལ་གསོལ།  རྟེན་འདི་ཐོག་མའི་བཀོད་པ་ཅིན་རྒྱལ་རབས་ཤར་དབྱི་ཞིའི་དུས་སུ་རྒྱ་གར་གྱི་གྲྭ་པ་ཐན་མོ་ཅུའེ་དབྱིས་ཤིས་ཀྱིསད་བསྐྲུན།   དེ་རྗེས་ལིའང་ཝུའུ་ཏིའི་སྐབས་དགེ་སློང་ཀྲི་ཀུང་གི་རྡོ་དང་ས་ཕག་ཅན་གྱི་ཇེ་བརྟེན་བཏང་།  ཐང་སུང་དུས་ལ་ཉམས་གསོ་བྱེད་མྱོང་།  མིང་ཧུང་ཀྲིའི་སྐབས་རྟེན་འདི་ཞིག་རལ་སོང་བ་དང་།   ཀྲུང་ཧྭ་མིང་གོ་སྐབས་ཀྱང་ཞིག་རལ་ཚབ་ཆེན་སོང་དུས་དགེ་སློང་ལིན་ཏེ་ཉིད་བཅིངས་གྲོལ་མ་བཏཏང་གོང་ཕུན་ཀྲོའུ་ཕེབས་ཏེ་མཆོད་རྟེན་ཞིག་གསོ་བྱས་པར་སྐུལ་བར་མ་ཟད་སྐུ་ངོ་མ་ཡང་ཞུགས།  རྒྱ་གར་གྱི་ཀ་ལི་ཀ་ཏ་སོགས་སུ་ཕེབས་ཏེ་དེའི་རྡོའི་མཆོད་རྟེན་ལ་གཞལ་ཏེ།   རྨང་གཞི་སྨི་གྲུ་བཞི་མ་བཅོ་ལྔ།   མཐོ་ཚད་སྨི་ཉི་ཤུ་རྩ་ལྔ།  མཐའ་སྐོར་དུ་མཐོ་ཚད་སྨི་བརྒྱད་ཅན་གྱི་མཆོད་རྟེན་ཆུང་བ་བཞི།   ཕྱོགས་བཞིར་རྒྱུ་ཟངས་དང་གཡང་ཊི་བྱས་པའི་སྐུ་འདྲ་བརྒྱད་བརྒྱ་བཞི་བཅུ་ཞེ་བཞིདང་།  ནང་རྟེན་དུ་ཆོས་གཞུང་སོགས་བཞུགས་སུ་བཅུགས་པའི་ཐུགས་བཀོད་མཛད།    ༡༩༤༨ལོར་ལས་འགོ་བཙུགས་ཏེ་༡༩༤༩ལོར་འདྲ་དབྱིབས་ཙམ་གྲུབ།  དེ་རྗེས་༡༩༨༥ལོར་སླར་ཡང་བཞེངས་མཚམས་མཐུད་པས་གྱ་དྲུག་ལོར་གྲུབ།  རྟེན་ཐོག་བུམ་པ་དང་ནང་རྟེན་སྐུ་འདྲ་བརྒྱད་བརྒྱ་བཞི་བཅུ་བཞུགས་སུ་གསོལ།   ཀྲུང་གོའི་ནང་བསྟན་མཐུན་ཚོགས་གཙོ་འཛིན་ཀྲོ་པུའུ་ཚུའུ་ཡིས་ལུང་གཤིན་རིང་སྲེལ་མཆོད་རྟེན་ཆེན་མོ་ཞེས་མཚན་བྱང་བྲིས།  ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པས་རྒྱ་བོད་ཟུང་གི་ཡི་གེ་ན་མོ་ཤཱཀྱ་མུ་ནེ་ཡ་ཞེས་བྲིས་ཏེ་ལེགས་སྐྱེས་སུ་གནང་།   མཆོད་རྟེན་འདིའི་དཔེ་དབྱིབས་རྒྱལ་ནང་ལ་གཅིག་ལས་མེད་པས་ཁྲེན་ཏུའུ་རིག་དངོས་རྩ་ཆེན་སྲུང་སྐྱོབ་གྲས་སུ་ཚུད།   ༡༩༨༡ལོར་་སྣེ་གཅིག་གས་ནས་རྨང་རྟེན་ཕྱོགས་གཅིག་ཡོ་ནས་བང་རིམ་རྡིབ་ལ་ཉེའོ།།  ཏང་གི་སྐབས་བཅུ་གཅིག་པའི་གྲོས་ཚོགས་སུ་ཆོས་དད་རང་མོས་ཀྱི་སྲིད་ཇུས་སླར་གོ་བྱུང་བ་དང་བསྟུན་ཀྲུང་གོའི་བཙུན་མཆོག་ཆན་ཏུན་སོགས་ཀྱིས་ཆོས་བསྟན་སྲུང་སྐྱོབ་དང་ལུའུ་ཧུའེ་བླ་མའི་རེ་བསྐོང་ཆེད་རང་འགུལ་སྒོར་མོ་བསྡུ་ནས་རིང་སྲེལ་མཆོད་རྟེན་སླར་གསོ་བྱས་ནས་ཀྲུང་གོ་ནང་བསྟན་ཚོགས་གཙོ་ཀྲོའུ་ཕུའུ་ཚོས་རྒྱབ་སྐྱོར་སྒོར་མོ་ཁྲི་ལྔ་གནང་།   ད་དུང་སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་ཆོས་ལུགས་ཅུའུ་ལ་སོགས་པས་རྒྱབ་སྐྱོར་གནང་བས་༡༩༩༤ལོའི་ཟླ་༢ཚེས་༩ཉིན་གྱིསྔོ་དྲོ་ཆུ་ཚོད་བཅུ་པའི་ཐོག་ལ་རྨང་རྡོ་འཛུགས་ཏེ་སྐར་འཛིན་བྱས།  ཞིང་ཆེན་དང་གྲོང་ཁྱེར་གྱི་འགོ་ཁྲིད་རྣམ་པའང་མཛད་སྒོ་ལ་ཕེབས་ཏེ་རྟེན་འབྲེལ་ཞུས།  དགོན་པ་བཞེངས་སྐབས་དགོན་པ་རྙིང་པའི་རྨང་འོག་སྲ་ལས་བྱེད་ཚེ་ཀྲུང་གོའི་སྔོན་རབས་ཀྱི་སྟོན་པའི་སྐུ་འདྲ་རྡོ་བརྐོས་མ་བཅུ་རྙེད།  སྤྱི་ལོ་༥༢༢ལོར་སུའེ་ཝུན་ཏུས་ཁེ་ཧང་ལོ་བཅུ་གཅིག་པ།   སྤྱི་ལོ་༥༩༡ལོཏཱ་ཀྲོའུ་ཙེ་ཐན་ཅིའུ་ཧྲི་ལོ་ལྔ་པ།   སྤྱི་ལོ་༧༠༠ཐན་ཅིན་ལུང་ལོ་དང་པོ།   སྤྱི་ལོ་༧༠༩ལོ་བཅས་རྒྱལ་རབས་བཞིའི་སྐབས་སུ་བཞེངས་པ་རེད།   དེ་ལས་ལུང་གཤིས་མཆོད་རྟེན་འདི་ཡི་ལོ་རྒྱུས་རིང་བ་མཚོན་པ་རྒྱལ་ཁབ་ཕྱི་ནང་གི་ཆོས་དད་མི་སྣ་རྣམས་རྟེན་འདིར་གཟིགས་ཆེན་གནང་དོན་ཡང་ཤེས་ཐུབ།  ༡༩༩༤ལོ་དགེ་སློང་ལུན་ཧའེ་ཡ་ཆར་འགོད་བཞིན་རྒྱ་གར་དགོན་གཆེན་རྡོ་རྗེ་དགོནག་པའི་བཀོད་པ་ལྟར་ལོ་གསུམ་བཞེངས་ནས་༡༩༩༧ལོའི་ཟླ་བདུན་པར་ཡོངས་སུ་གྲུབ།  མཆོད་རྟེན་འདིའི་མཐོ་ཚད་སྨི་བརྒྱད་ཅུ་རིམ་བཅོ་བརྒྱད།   མཐའ་སྐོར་མཆོད་རྟེན་གྱི་མཐོ་ཚད་སྨི་ཉེར་བདུན།  མཆོད་རྟེན་གྱི་ཐོག་རིམ་ལ་ཟངས་དང་གསེར་གྱིས་གྲུབ།  ཟངས་དང་གཡང་ཊི་ཅན་གྱི་སྐུ་འདྲ་ཆིག་སྟོང་བརྒྱ་མེད་བརྒྱད་ཅུ་གྱ་བརྒྱད་བཞུགས་སུ་གསོལ།   ནང་དུ་སྟོན་པའི་མཛད་རྗེས་སྐོར་གྱི་བྲིས་སོགས་གཤམས་མཆོད་བྱས།   ༢༠༠༥ལོའི་ཟླ་བ་བཅུ་པའི་ཚེས་བརྒྱད་ཉིན་ཞིག་གསོ་ཡོངས་སུ་གྲུབ་ནས་རབ་གནས་ཀྱི་མཛད་སྒོ་རྒྱ་ཆེར་སྤེལ།  ཞིང་ཆེ་དང་གྲོང་ཁྱེར་གྱི་དབུ་ཁྲིད་ལ་སོགས་པ་མཛད་སྒོ་ལ་ཕེབས་ཏེ་དགའ་སྟོན་ཞུས།  མཆོད་རྟེན་འོད་ཟེར་ཕྱོགས་ཀུན་འཕྲོ་ནས་འཛམ་གླིང་མི་དམངས་བདེ་སྐྱིད་ཕུན་ཚོགས་འགོད་པར་སྨོན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1