ཐོབ་གོ་ས་མཐོ་གང་མེད་ལ༎
སྡུག་མ་ལེགས་བྱུ་རུའི་ཏོག་ཞིག
རྒྱུ་ནོམ་པ་རྒྱ་གང་མེད་ལ༎
སྡུག་མ་ལེགས་རྒྱ་རྡོ་ཆ་ཞིག།
ཅི་ཁེད།
2
ཚིག་གཅིག་གི་ཁྲོལ་སྒོ་མེད་ལ༎
སྡུག་མ་ལེགས་ཁ་ན་ལྕེ་ཞིག།
རྒྱུ་ར་མ་རེའུ་ཞིག་མེད་ལ༎
སྡུག་མ་ལེགས་འཆའ་རྒྱུ་ཤ་རེད༎
ཅི་ཁེད།
3
བྱི་ལི་ཚོས་མ་ཁེད་ན་རུ་གཉིས་དགོས།
བྱི་མོ་ཚོས་མ་ཁེད་ན་རུ་སྟེར་མི་དགོས་རང་ང་བཤད་ལ།
4
ཤི་ཤི་ཡ་ཡ་ཤིང་གི་རྔ་མ་ཅན།།
གནའ་ཤི་ད་བརྒྱད་གོ་ཡི་རྣ་ལུང་ཅན།།
ཨ་བ་ཨ་མ་ལྕགས་ཀྱི་མཆུ་ལུ་ཅན།།
ཅི་ཁེད།
5
ཡིད་བཞིན་ནོར་བུའི་མདུན་ན་སྒུར་སྒུར་གོ།
སྲིད་ཁྲི་མཐོན་པོའི་སྟེང་ན་འཁྱོག་འཁྱོག་གོ།
བཀའ་སྤྱི་གཉིས་ཀའི་མགོ་ན་དམར་དམར་གོ།
ཨ་ཁུ་དམར་དམར་ཚོགས་ན་སེར་སེར་གོ།
ཅི་ཁེད།
6
ཨ་མདོ་ན་ཡོད་དུས་གསོན་འདྲེ་མིང་ཅན།།
ཞིན་ཅང་ན་ཡོད་དུས་ལག་པ་གསུམ་ཅན།།
དྲ་འབུ་ལ་ཐུག་ན་དཔའ་བོ་སྙིང་ཅན།།
སྡོམ་ཁྲིམས་ལ་ཐུག་ན་སྡར་མ་རྗེས་ཅན།།
ཅི་ཁེད།
7
རྟ་ལྕག་འཕངས་ན་ཚིལ་གྱི་ཕུབ་ཅན།།
བརྒྱུགས་ན་མ་ལ་ཡ་ཡི་དྲི་ཅན།།
ཁ་སྐད་བཤད་ན་སྦྲུལ་གྱི་ལྕེ་ཅན།།
མྱི་རྒྱུད་དེད་ན་གླེན་པའི་མིང་ཅན།།
ཅི་ཁེད།
8
སེ་ར་དགོན་ན་ཡོད་དུས་རྒོད་པོ་བོ།།
རྟ་ལྕག་ཕྲེང་ལྕག་ཁྲིམས་ནས་ཐར་མ་བོ།
ཁ་སང་དེ་རིང་རྡ་སའི་འཇམ་པོ་བོ།།
ཁ་མཚར་ཀུ་རེ་མེད་ལ་གྲགས་མེད་གོ།
ཅི་ཁེད།
9
ཀྱ་མ་ཀྱུ་ཡི་ལྕགས་ཀྱི་མཇེ་ངན་ཞིག།
ཁུངས་བུ་མེད་པའི་ཤིང་གི་སྟུ་ཞིག་ལ།།
གཡས་ལ་དཀྱུས་ནས་རྩ་ལ་གཏུགས་བྱས་ནས།།
10
ས་སྒང་མཐོན་པོའི་རྩེ་ལ་གནས་ནའང་།།
ཁྱིམ་མཚེས་ཚང་གི་འཇབ་དམག་མ་མཐོང་བར།།
མ་ཅང་རྩེད་མོར་གཡེང་བའི་མི་རིགས་ཤིག།
མུན་ནག་བས་སྒང་མཐོན་པོའི་རྩེ་ལ་གནས་ནའང་།།
ཁྱིམ་མཚེས་ཚང་གི་འཇབ་དམག་མ་མཐོང་བར།།
མ་ཅང་རྩེད་མོར་གཡེང་བའི་མི་རིགས་ཤིག།
མུན་ནག་བཙོན་ལ་ལྷུང་བའི་ལོ་ཚིགས་ཅི།།