“ལྔ་གཅིག”རིང་བོད་ལྗོངས་ཀྱི་ཡུལ་སྐོར་བ་མི་ཐེངས་ཁྲི100ལས་བརྒལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-08


        “ལྔ་གཅིག”སྐབས་སུ་བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི116.77ལ་སྣེ་ལེན་བྱས་པར་དུས་མཚུངས་ལས73.25%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར8.48བྱུང་བ་དེ་དུས་མཚུངས་ལས61.52%འཕར་བ་དང་། སྐར་མ་རིམ་པའི་མགྲོན་ཁང་ནང་འགྲུལ་པ་སྡོད་ཚད་ཆ་སྙོམས74%ཟིན་ཡོད།

ཡུལ་སྐོར་བས་ལྷོ་ཁའི་ཡར་འབྲོག་གཡུ་མཚོ་ལྷ་རིར་མཛེས་ལྗོངས་མྱོང་རོལ་བྱེད་བཞིན་པ།

        གསར་འགོད་པས་བཅར་འདྲི་བྱས་པ་བརྒྱུད་ཤེས་རྟོགས་བྱས་པར། ད་ལོ་མུ་མཐུད་དུ་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱི་ལམ་ཐིག་ལེགས་པོ་བཟོ་བའི་རྨང་གཞིའི་སྟེང་། བོད་ལྗོངས་ཀྱིས་གྲོང་ཁྱེར་མཐའ་འཁོར་དུ་ཡུལ་སྐོར་བྱེད་པ། གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར། ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་སྤྱོད་ཀྱི་བྱེད་ཐབས་མང་པོ་སྤྱད་ཡོད།

        “ལྔ་གཅིག”དུས་ཆེན་གྱི་སྔ་ནུབ་ཏུ་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཐིང་གིས“གངས་ལྗོངས་ཁྱིམ་གཞིས། མཛེས་སྡུག་ལྡན་པའི་བོད་ལྗོངས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། ཡུལ་སྐོར་ལམ་ཐིག་རྩེ་གྲ་དྲུག་གཅིག་སྡུད་ཐོག་བཏོན་ཐོག་གྲོང་ཁྱེར་གྱི་གྲོང་མི་རྣམས་འགྲོ་སྐྱོད་དང་གདམ་ག་བྱ་རྒྱུར་མཁོ་འདོན་བྱས་པ་དང་། བོད་ལྗོངས་ཀྱི་ཀོ་ཤུད་གྲུ་གཟིངས་ཀྱི་བརྗོད་དོན་གཙོ་བོའི་སྒར་ས་དང་པོ་ཆུ་ཤུར་ཅུན་པ་ཉ་གྲོང་གི་ཀོ་ཤུད་གྲུ་སྒར་སར་དུས་ཆེན་རིང་། གྲོང་ཁྱེར་གྱི་གྲོང་མི800ལྷག་ཙམ་ལ་སྣེ་ལེན་བྱས་པ་དང་ཡོང་འབབ་སྒོར་ཁྲི7ལྷག་ཙམ་ཟིན་ཡོད།

        རིག་གནས་མཛེས་ལྗོངས་དང་གནས་ཡུལ་གྱིས་ཀྱང་ཡུལ་སྐོར་བ་དང་གྲོང་མི་མང་པོའི་ཡིད་དབང་བཀུག་ནས་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་བཅས་མཛེས་ལྗོངས་ཁུལ་གསུམ་དང་བྱེད་སྒོ་སྤེལ་ཡུལ་དུ་རིམ་རྩིས་བྱས་ན་མི་ཐེངས་ཁྲི5.36ལྷག་ཙམ་ལ་སྣེ་ལེན་བྱས་ཡོད།

ལྷ་སའི་གྲོང་མི་ཚོས་ལྷོ་རིའི་སྤྱི་གླིང་དུ་དྲན་རྟེན་པར་རྒྱག་བཞིན་པ།

        “ལྔ་གཅིག”གུང་གསེང་རིང་བོད་རང་སྐྱོང་ལྗོངས་ཀྱིས་ད་དུང་སྒྲིག་འཛུགས་བྱས་ནས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་སྤེལ་བ་དང་། མང་ཤོས་ལ་སྒོར25000ཡི་སྲིད་གཞུང་གི་རླངས་འཁོར་ཉོ་བའི་ཁ་གསབ་སྤྲད་པར་འཛད་སྤྱོད་པ་མང་པོ་ཞིག་ལ་ཕན་པ་དངོས་ཐོབ་ཡོད། སྐབས་བརྒྱད་པའི་བོད་ལྗོངས(ལྷ་ས)རླངས་འཁོར་རྒྱལ་སྤྱིའི་འགྲེམས་ཚོགས་ཐོག་རིམ་རྩིས་བྱས་ན་རླངས་འཁོར403ཕྱིར་ཚོང་བྱས་པར་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི6045བྱུང་ཡོད།

སྐབས་གཉིས་པའི་བོད་ལྗོངས(ལྷ་ས)ཀྲུང་ཕྱིའི་ཚོང་ཟོག་འགྲེམས་ཚོགས་ཀྱི་ཡུལ་དངོས།

        སྐབས་གཉིས་པའི་བོད་ལྗོངས(ལྷ་ས)ཀྲུང་ཕྱིའི་ཚོང་ཟོག་འགྲེམས་འགྲེམས་ཚོགས་ཐོག་ནེ་པ་ལ་དང་ཕ་ཁི་སི་ཐན་སོགས་རྒྱལ་ཁབ་འགྲེམས་ཁུལ་དུ་ཕྱིར་འཚོང་བྱས་པའི་ས་གདན་དང་གསེར་དངུལ་ཡོ་བྱད་སོགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཉོ་སྒྲུབ་བྱེད་མཁན་མང་པོ་ཡོད།

སྐབས་གཉིས་པའི་བོད་ལྗོངས(ལྷ་ས)ཀྲུང་ཕྱིའི་ཚོང་ཟོག་འགྲེམས་ཚོགས་ཀྱི་ཡུལ་དངོས།

        གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཀྱང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། ཆབ་མདོ་གྲོང་ཁྱེར་གྱི“བདེ་སྐྱིད་ཆབ་མདོ•འཛད་སྤྱོད་ལོངས་སྤྱོད” ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས་གྲོང་གསེབ་ཏུ་སྐྱེལ་བ། “བདེ་སྐྱིད་རྫ་ཡུལ•འཛད་སྤྱོད་ལོངས་སྤྱོད”ཀྱི་ཞིམ་ཟས་འགྲན་བསྡུར་ཆེན་མོ་སོགས་ཀྱི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་སྤེལ་བ་དང་། ལྔ་གཅིག་རིང་ཡང་བོད་ལྗོངས་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་སླར་གསོ་ཤུགས་ཆེན་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

ཆབ་མདོ་གྲོང་ཁྱེར་གྱི“བདེ་སྐྱིད་ཆབ་མདོ•འཛད་སྤྱོད་ལོངས་སྤྱོད”ཀྱི་ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས་གཤམ་སྐྱོད་བྱེད་སྒོ།

        “ལྔ་གཅིག་”རིང་། ས་གནས་ཁག་དང་གྲོང་ཁྱེར་ཁག་གི་ཚོང་དོན་ཅུས་ཀྱི་བསྡོམས་རྩིས་གཞི་གྲངས་ལས་མངོན་པར་གཞིགས་ན། བོད་ལྗོངས་ཀྱིས་སིལ་ཚོང་བཟའ་བཏུང་ཁེ་ལས་དང་ཞིང་ཞོར་ཉོ་ཚོང་ཁྲོམ་ར་སོགས་ལ་གཙོ་གནད་ཐོག་ལྟ་ཞིབ་ཚད་ལེན་བྱས་པར་རིམ་རྩིས་བྱས་ན་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི42906.2ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས10.6%འཕར་ཡོད།

        གཞི་གྲངས་ཁག་གི་ནང་ནས་ཐད་ཀར་མཐོང་ཐུབ་པར་དུས་ཚིགས་དང་པོར་བོད་ལྗོངས་ཀྱི་འཛད་སྤྱོད་དང་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་འཕེལ་ནས་སླར་གསོ་བྱུང་བའི་རྣམ་པ་མངོན་པ།

“བདེ་སྐྱིད་རྫ་ཡུལ•འཛད་སྤྱོད་མཉམ་སྤྱོད”ཀྱི་ཞིམ་ཟས་འགྲན་བསྡུར་ཆེན་མོའི་བྱེད་སྒོ།

        བོད་ལྗོངས་ཀྱི་ཡུལ་སྐོར་མཁོ་སྤྲོད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་བསྟུན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཁག་ཟམ་མི་ཆད་པར་དོན་འཁྱོལ་ཐུབ་སྟེ་བོད་ལྗོངས་ཀྱི་ཡུལ་སྐོར་དང་འཛད་སྤྱོད་ཁྲོམ་རའི་མངོན་མེད་སྟོབས་ཤུགས་དང་གསོན་ཤུགས་སྔར་བས་འཕེལ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1