མི་རིགས་ཀྱི་རྒྱན་གོས་ལས་མངོན་པའི་རིག་གནས་ཀྱི་ཉམས་འགྱུར།
ལྷོ་པ་རིགས་ཀྱི་རྒྱན་གོས་ཀྱི་རྒྱུན་འཛིན་དང་འཕོ་འགྱུར།
ལྷོ་པ་རིགས་ཀྱི་རྒྱན་གོས་ཀྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་ནི་རི་སྐྱེས་རྩི་ཤིང་གི་ཚི་སྣ་དང་གཅན་གཟན་གྱི་པགས་པས་རྒྱུ་ཆ་བྱས་པ་དེ་རེད། ལྷོ་པ་མི་རིགས་ཀྱི་བུད་མེད་ཚོ་སོ་རས་ཀྱིས་བཟོས་པའི་སྟོད་ཐུང་ཐུ་བ་ཁ་སྤྲོད་གོང་ཁ་མེད་པ་ཕུ་ཐུང་དོག་པའི་སྟོད་གོས་གྱོན་རྒྱུར་དགའ་ལ། ཕྱི་ལ་ཟོག་གི་ཀོ་བ་ཆུང་ཆུང་ཞིག་དང་། ལུས་སྨད་དུ་པུས་མོའི་མཚམས་སུ་སླེབས་ལ་ཉེ་པའི་སྨད་གཡོགས་ཤིག་གིས་སྐོར་ནས་ཡོད། རྐང་ངར་ལ་ཉྭ་དཀྲིས་ཡོད་པ་དང་སྣེ་གཉིས་ཐག་པས་དམ་པོར་བསྡམས་ཡོད། ཁོ་མོ་ཚོས་རྒྱན་ཆ་འདོགས་རྒྱུར་ཧ་ཅང་མཐོང་ཆེན་བྱེད་ལ། དངུལ་དང་ཟངས་ཀྱི་ལག་གདུབ། མཛུབ་དཀྲིས་ཕུད། ད་དུང་ཁ་དོག་སྔོ་དཀར་འདྲེས་མའི་མུ་ཏིག་གི་སྐེ་རྒྱན་སྐོར་བཅུ་ཅན་དང་། སྐེད་ཀྱི་ལྭ་བའི་སྟེང་དུ་མཚོ་འབུ་མང་པོ་བརྒྱུས་ནས་གྲུབ་པའི་སྒོར་དབྱིབས་ཀྱིས་བརྒྱན་ཡོད། རྒྱན་གོས་ཀྱི་ཚོན་མདོག་ནི་དམར་པོ་དང་། ནག་པོ། དཀར་པོ། སེར་པོ་བཅས་གཙོ་བོ་ཡིན་པ་དང་། སྐེད་རྒྱན་དང་། རྣ་རྒྱན། ལག་གདུབ་སོགས་རྒྱན་ཆ་སྣ་ཚོགས་འདོགས་སྲོལ་ཡོད་ལ། རྒྱན་ཆ་ཁག་གཅིག་གི་ལྗིད་ཚད་ལ་རྒྱ་མ་བཅུ་ནས་ཉི་ཤུ་ཙམ་ཡོད། ལྷོ་པ་རིགས་ཀྱི་སྐྱེས་པའི་རྒྱན་གོས་ནི་བུད་མེད་དང་བསྡུར་ན་ཧ་ཅང་སྟབས་བདེ་ཞིང་། གྱོན་གོས་གཙོ་བོ་ནི་ཕྱིང་ལྭ་ཡིན་ལ། རྒྱན་ཆ་ལ་སྐ་རགས་དང་ཞྭ་མོ། དེ་བཞིན་རི་དྭགས་ཀྱི་རུས་རྒྱན་སོགས་ཡོད། ལྷོ་པ་རིགས་ལ་ཡི་གེ་མེད་པས་རྒྱན་གོས་ཀྱི་ལོ་རྒྱུས་ཡིག་ཚང་ཉེ་ལམ་ལོ་བཅུ་གྲངས་ལས་སྟོན་རྒྱུ་མེད།
ལྷོ་པ་རིགས་ཀྱི་རྒྱན་གོས།
སྔོན་ཆད་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་པས་སྐབས་དེའི་གྱོན་གོས་ཀྱི་ནུས་པ་གཙོ་བོ་ནི་དྲོད་སྲུང་དང་གཟུགས་པོར་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་འདུག །དེ་བས་ལུས་ལ་རན་མིན་ལས་མཛེས་ཆས་དང་ལུས་ལ་བདེ་པོ་ཡོད་མེད་ལ་དོ་སྣང་དེ་ཙམ་བྱེད་བཞིན་མེད། བཅོས་སྒྱུར་སྒོ་དབྱེ་བྱས་རྗེས། ལྷོ་པ་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མི་རིགས་གཞན་དག་དང་འདྲ་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། དཔལ་འབྱོར་གྱི་ཆ་རྐྱེན་ཇེ་བཟང་དུ་ཕྱིན་ནས་ལྟོས་གྲོད་པ་རྒྱགས་པ་དང་གོས་ཀྱིས་ལུས་དྲོད་པ་དེ་རྒྱུན་གཏན་གྱི་དགོས་མཁོ་སྐོང་བའི་རྨང་གཞིའི་ཐོག །རང་བྱུང་རྒྱུ་ཆར་རིམ་བཞིན་ལས་སྣོན་བྱེད་འགོ་ཚུགས་ཏེ། ཕོ་མོའི་གྱོན་གོས་ཀྱི་ཚོན་མདོག་དང་། རྒྱུ་སྤུས། རྒྱན་ཆ་བཅས་ཚང་མར་འགྱུར་ལྡོག་ཆེན་པོ་བྱུང་། འོན་ཀྱང་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ལྷོ་པའི་སྲོལ་རྒྱུན་གྱོན་གོས་ཀྱང་སྟོངས་ལ་ཉེ་བའི་གནས་སུ་གྱུར།
ལྷོ་པ་རིགས་ཀྱི་བུད་མེད་ཀྱི་རྒྱན་གོས།
ང་ཚོ་དེང་རབས་ཅན་དང་ཉེ་བར་ཅི་ཙམ་བཅར་ན། དེ་ཙམ་གྱིས་སྲོལ་རྒྱུན་དང་རྒྱང་དུ་འགྲོ་བཞིན་ཡོད”ཅེས་ལྷོ་པའི་རྒྱན་གོས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཟླ་བས་བློ་ཕམ་ཆེན་པོའི་ངང་ནས་བཤད། ཁོང་གིས་མི་ཚང་མ་གྲོང་ཁྱེར་དུ་ཕྱིན་པ་དང་། དེ་གར་བཟོ་ལྟ་གསར་པ་དང་ཚོན་མདོག་མཛེས་པའི་གྱོན་ཆས་མང་བས། ལྷོ་པའི་སྲོལ་རྒྱུན་གྱི་རྒྱན་གོས་ལ་དགའ་པོ་བྱེད་མཁན་ཡང་ཉུང་དུ་འགྲོ་བཞིན་འདུག་ཅེས་བཤད། ལྷོ་པ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་བྱས་ཏེ་རྒྱན་གོས་རྒྱུན་འཛིན་ཡག་པོ་བྱ་ཆེད། 2007ལོར། ལྷོ་པའི་རྒྱན་གོས་ལ“ཐོན་སྐྱེད་དང་རྒྱུན་འཛིན”ཟུང་འབྲེལ་གྱི་རྣམ་པ་སྤྱད་ཅིང་། ལོ་དེར། གནས་ཡུལ་ལྷོ་པ་མི་རིགས་ཤང་ཚལ་ཁྲོལ་གྲོང་ཚོའི་ལྷོ་པའི་རྒྱན་གོས་འཚེམ་ཤེས་པའི་གྲོང་མི་འགའ་ཞིག་གིས་རྫོང་གི་མངགས་བཅོལ་ལྟར་སློབ་མ་བསྡུ་འགོ་བརྩམས་པ་དང་། སྔ་རྗེས་སུ་བུད་མེད་སློབ་མ10ལྷག་བསྡུས། 2008ལོར་ལྷོ་པའི་རྒྱན་གོས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་གི་མིང་ཐོར་ཚུད་རྗེས་གོ་སྐབས་དེ་དང་བསྟུན་ནས་མཉམ་ལས་ཁང་བཙུགས་ཤིང་། ཕྱོགས་མང་པོའི་རྒྱབ་སྐྱོར་འོག་གནས་ཡུལ་ལྷོ་པ་ཤང་གིས་ལྷོ་པའི་རིག་གནས་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱས། 2008ལོའི་ཟླ6ཚེས7ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་ལྷོ་པ་རིགས་ཀྱི་གྱོན་ཆས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པའི་ནང་ཚུད་ཡོད། མི་རིགས་རྒྱན་གོས་ལ་སྲུང་སྐྱོང་བྱེད་མཁན་མང་པོའི་འབད་བརྩོན་འོག །ད་ལྟ་ལྷོ་པའི་རྒྱན་གོས་ཀྱང་འཕེལ་རྒྱས་དང་། སྲུང་སྐྱོང་། རྒྱུན་འཛིན་བཅས་ཀྱི་ལམ་བུ་བརྒྱུད་དེ་གངས་ལྗོངས་ས་མཐོར་དར་རྒྱས་འགྲོ་བཞིན་མཆིས།
ལྷོ་པ་རིགས་ཀྱི་སྐྱེས་པའི་རྒྱན་གོས།
ལྷོ་པ་ཞེས་པ་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ནང་གི་གཅིག་ཡིན་ལ། བོད་སྐད་ལས་ལྷོ་ཕྱོགས་ཀྱི་མི་ཞེས་པའི་དོན་ཡིན། བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་ས་ཁུལ་དང་ལྷུན་རྩེ་རྫོང་། སྨན་གླིང་རྫོང་། མེ་ཏོག་རྫོང་། རྫ་ཡུལ་རྫོང་སོགས་ཀྱི་མཐའ་མཚམས་སུ་གནས་ཡོད། «ཀྲུང་གོའི་བསྡོམས་རྩིས་ཀྱི་ལོ་རིམ་མེ་ལོང་།-2021»ཡི་བསྡོམས་རྩིས་ལྟར་ན། ཀྲུང་གོའི་ས་ཁོངས་ནང་ལྷོ་པ་རིགས་ཀྱི་མི་འབོར4237ཡོད། ལྷོ་པ་རིགས་ནི་གནའ་ནས་བཟུང་བོད་ལྗོངས་ཀྱི་ལ་དྭགས་དང་ཀོང་པོ། པད་མ་སྒང་། རི་བོ་ཧི་མ་ལ་ཡའི་ལྷོ་ངོས་ས་ཁུལ་དུ་གཞི་སྡོད་བྱས་ཡོད་ཅིང་། མི་རིགས་རང་ལ་ཡི་གེ་མེད་པས་བོད་སྐད་དང་བོད་ཡིག་བཀོལ་བཞིན་ཡོད། །