བོད་ལྗོངས་ཀྱི་སྤུས་རྟགས་ལ་གྲོས་མཐུན་དངུལ་འབོར་སྒོར་ཁྲི་720.2ལྷག་ཟིན་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 05-17


        སྤྱི་ལོ་2023ལོའི་ཀྲུང་གོའི་སྤུས་རྟགས་འགྲེམས་ཚོགས་དེ་སྤྱི་ཚེས་14ཉིན་ཧྲང་ཧའེ་རུ་མཇུག་འགྲིལ་བ་རེད། འགྲེམས་ཚོགས་ཐོག་བོད་ལྗོངས་ཀྱིས་གྲགས་ཅན་ཚོང་རྟགས་འགྲེམས་སྟོན་ཧུར་ཐག་བྱས་པ་དང་། ཟམ་མི་ཆད་པར་མཉམ་ལས་འཚོལ་ཞིབ་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་རེད།

        དུས་ཐུང་ཉིན་ལྔའི་ནང་། བོད་ལྗོངས་ཁེ་ལས་ཀྱིས་མཉམ་ལས་རྣམ་གྲངས་ལ་གྲོས་མོལ་ཧུར་ཐག་བྱས་པ་དང་། ཁེ་ལས་དང་སྤྱི་ཚོགས་ཀྱི་ཚོགས་པ་མི་ཉུང་བ་ཞིག་དབར་དྲ་ཐོག་དང་དྲ་ཕྱིའི་མཉམ་ལས་བྱེད་རྒྱུའི་གྲོས་མཐུན་མང་པོ་བཞག་པ་རེད།

        བསྡོམས་རྩིས་བྱས་པ་ལྟར་ན། སྐབས་འདིའི་འགྲེམས་ཚོགས་ཐོག་བོད་ལྗོངས་འགྲེམས་ཁང་གི་ཕྱིར་ཚོང་རིན་ཐང་སྒོར་ཁྲི་21.7ཟིན་པ་དང་། མཉམ་ལས་གྲོས་མཐུན་གྱི་དངུལ་འབོར་སྒོར་ཁྲི་720.2ལྷག་ཟིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1