༄༅། །ནས་འདེབས་པའི་ལག་རྩལ།

གཟུངས་སྐྱིད། རྩོམ་སྒྲིག་པ།ཏིང་བཀྲས་བསྒྲིགས།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 05-18



གཅིག ཞིང་འདེབས་པ།

1.ས་བོན་འདེབས་པའི་དུས་སྐབས།  ཟླ་གསུམ་པའི་ཚེས་ཉི་ཤུ་ནས་ཟླ་བཞི་བའི་ཚེས་བཅུ་ཉིན་བར་བཏབ་ན་འོས་ཤིང་འཚམས།
2.ས་བོན་གྱི་མཐུག་ཚད་དང་ལུད་འཇོག་ཚད། མུའུ་རེ་ནས་སྤྱི་རྒྱ་ཉིས་བརྒྱ་དང་ལྔ་བཅུ་ཐོན་པའི་རེ་བ་ཡོད་ན་མུའུ་རེར་ས་བོན་སྤྱི་རྒྱ་བཅུ་དགུ་ནས་ཉི་ཤུ་འདེབས་དགོས་པ་དང་།  གཅིན་རྒྱུ་སྤྱི་རྒྱ་ལྔ་དང་ལིན་སོན་ཨར་ཨན་སྤྱི་རྒྱ་བཅོ་ལྔ་འཇོག་དགོས།  མུའུ་རེ་ནས་སྤྱི་རྒྱ་སུམ་བརྒྱ་ཐོན་པའི་རེ་བ་ཡོད་ན་མུའུ་རེར་ས་བོན་སྤྱི་རྒྱ་ཉི་ཤུ་ནས་ཉེར་གཅིག་འདེབས་དགོས་པ་དང་།  གཅིན་རྒྱུ་སྤྱི་རྒྱ་དྲུག་དང་ལིན་སོན་ཨར་ཨན་སྤྱི་རྒྱ་བཅོ་ལྔ་འཇོག་དགོས།
3.འདེབས་ཐབས།    བཤུར་འདེབས་བྱེད་པ་དང་བར་ཐག་ལ་ལིས་སྨིས་བཅོ་ལྔ་ཡོད་དགོས།   ས་བོན་ས་འོག་ཏུ་འདེབས་ཚད་ལིས་སྨིས་གསུམ་ནས་ལྔ་ཡིན་དགོས། བཏབ་རྗེས་བཅགས་བྱས་ནས་སེར་འཛིན་དུ་འཇུག་དགོས།
གཉིས། ཞིང་ཁའི་དོ་དམ།
1.མྱུ་གུའི་དོ་དམ།  མྱུ་གུ་དུས་ཀྱི་དོ་དམ་ལ“སྔ་མོ”དམ་པོར་འཛིན་དགོས་པ་སྟེ། སྔ་མོར་འདེབས་པ་དང་སྔ་མོར་ཡུར་མ་ཡུར་བ།  སྔ་མོར་གཞུག་ལུད་འཇོག་པ།  སྔ་མོར་ཆུ་གཏོང་བ་བཅས་བྱེད་དགོས།  ཚིགས་ཐོག་གཞུག་ལུད་བཞག་ན་མི་བཟང་།
2.གཞུག་ལུད་འཇོག་པ། ལོ་མ་གསུམ་འབུས་པའི་དུས་སུ་ས་སོབ་པ་དང་ཟུང་དུ་སྦྲེལ་ནས་ཡུར་ཟིན་པའི་ཞིང་མུའུ་རེར་གཅིན་རྒྱུ་གཉིས་ནས་གཉིས་དང་གྲངས་ཆུང་ལྔ་ཡི་གཞུག་ལུད་འཇོག་དགོས། སྙེ་མ་གཏོང་བའི་སྐབས་སུ་མུའུ་རེར་ལིན་སོན་ཨར་ཅ་སྤྱི་རྒྱ་ཐིག་དང་གྲངས་ཆུང་གསུམ་དང་ཆུ་སྤྱི་རྒྱ་ཉེར་གཉིས་དང་གྲངས་ཆུང་ལྔ་ནས་སུམ་ཅུ་ཡི་ནང་དུ་བསྲེས་ནས་ལོ་མའི་སྟེང་དུ་ཐེངས་གཅིག་ནས་གཉིས་ལ་གཏོར་དགོས། མྱུ་གུ་ཞན་སར་མུའུ་རེར་གཅིན་རྒྱུ་སྤྱི་རྒྱ་ཐིག་དང་གྲངས་ཆུང་ལྔ་བསྣན་ནས་ལོ་མའི་སྟེང་དུ་གཏོར་ན་མྱུ་གུའི་སྐྱེ་འཕེལ་ལ་ཕན།  


རྩོམ་ཡིག་རྗེས་མ།
༄༅། །སའི་གོ་ལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1