1. windowsརྒྱུད་ཁུངས་ནང་བོད་ཡིག་ཡིག་གཟུགས་ཆེ་རུ་གཏོང་ཐབས།
ཡིག་གཟུགས་བཟོ་བཅོས་མ་བྱས་སྔོན་གྱི་པར་རིས།
ཡིག་གཟུགས་བཟོ་བཅོས་བྱས་རྗེས་ཀྱི་པར་རིས།
vistaམིང་ཅན་གྱི་པར་རིམ་ནས་བོད་ཡིག་རྒྱབ་སྐྱོར་བྱས་པ་ནས་བཟུང་། windowsརྒྱུད་ཁུངས་མ་ལག་ནང་གི་བོད་ཡིག་ཡིག་གཟུགས་དང་ཚད་ལྡན་གྱི་རྒྱ་དབྱིན་སོགས་ཡིག་གཟུགས་དང་བསྡུར་ན་བརྙན་རྒྱུ་12ཆུང་བ་ཡོད་པས། སྤྱོད་མཁན་གྱིས་ཡིག་རིགས་མང་པོ་མཉམ་དུ་བེད་སྤྱོད་བྱེད་སྐབས། བོད་ཡིག་ཆུང་དྲགས་པས་ཡི་གེའི་མཚན་བྱང་མཐོང་མི་ཐུབ་པ་དང་མི་གསལ་བའི་དཀའ་ངལ་ཕྲད་དང་འཕྲད་མུས་ཡིན་པས། ང་ཚོས་གཤམ་གསལ་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱུད་ཁུངས་རྩ་བའི་ཡིག་གཟུགས་བརྗེས་ཏེ་ཡིག་ཆའི་ཁ་བྱང་ནང་གི་བོད་ཡིག་དང་རྒྱ་ཡིག་གི་ཡིག་གཟུགས་ཀྱི་ཆེ་ཆུང་གཅིག་མཚུངས་བྱ་ཆོག །
ཕབ་ལེན་བྱེད་གནས། http://about.zangdi.net/index.php/archives/4/
zangke.ttfཡིག་ཆར་ཉིས་རྡེབ་བྱས་ནས་ནང་འཇུག་བྱེད་པ། ཡང་ན་ཡིག་ཆ་ལ་གཡས་རྡེབ་བྱས་ནས་འདེམས་བྱང་གི་ནང་འཇུག་གདམ་ནས་ནང་འཇུག་བྱ་ཆོག །
noMeiryoui.exeལ་ཉིས་རྡེབ་བྱས་ནས་མཉེན་ཆས་ཁ་ཕྱེ་བ། རིས་རྟགས་རྗེས་ཀྱི་ཡི་གེ་追随图标的文字གཡོན་གྱི་བསལ་འདེམས་བདམས་ཏེ་ཕྱིར་ཐོན་པའི་སྒེའུ་ཁུང་ནང་དུ་ཡིག་གཟུགས་Zangkeདང་། ཡིག་གཟུགས་ཆེ་ཆུང་11འདེམས་ཆོག་པས། སྐུ་ཉིད་ཀྱི་དགོས་པ་ལྟར་ཡིག་གཟུགས་ཆེ་ཆུང་གང་རུང་གདམ་ནའང་འགྲིག །གོ་རིམ་དེ་དག་ལེགས་འགྲུབ་བྱུང་རྗེས། འོག་གི་གཏན་འཁེལ་ལ་གཅིག་རྡེབ་བྱེད་པ། རྩིས་འཕྲུལ་བསྐྱར་སློང་གནང་རྗེས་བོད་ཡིག་ཡིག་གཟུགས་ཆེ་རུ་གཏོང་བའི་གོ་རིམ་ཆ་ཚང་རྫོགས་སོ། །
2. ཀུ་ཤུ་རྟགས་ཅན་གྱི་རྩིས་འཕྲུལ་དུ་ཧི་མ་ལ་ཡའི་མཐེབ་གཞོང་ནང་འཇུག་བྱེད་ཐབས།
ཀུ་ཤུ་རྩིས་འཕྲུལ་གྱི་Macརྒྱུད་ཁུངས་ལ་བོད་ཡིག་མཐེབ་གཞོང་མི་འདྲ་བ་གསུམ་ལྷན་ནང་འཇུག་བྱས་ཡོད་རུང་། Windowsརྒྱུད་ཁུངས་དང་ཧི་མ་ལ་ཡའི་མཐེབ་གཞོང་ལ་གོམས་པའི་མི་ཞིག་ལ་མཚོན་ན་ཧ་ཅང་སྟབས་མི་བདེ་བ་ཞིག་ཡོད་པར་སྣང་། དེའི་རྐྱེན་ངེད་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱིས་ཀུ་ཤུ་རྩིས་འཕྲུལ་ནང་གི་ཧི་ལ་ལ་ཡའི་མཐེབ་གཞོང་ནང་འཇུག་བྱེད་ཆས་ཀྱི་མཉེན་ཆས་ཆེད་དུ་གསར་བཟོས་བྱས་ཡོད་དེ། བེད་སྤྱོད་བྱེད་སྟངས་གཤམ་གསལ།
ཕབ་ལེན་བྱེད་གནས། http://about.zangdi.net/index.php/archives/5/
ནང་འཇུག་བྱེད་ཐབས། གཡོན་ཕྱོགས་ཀྱི་ཡིག་ཆ་དེ་གཡས་ཀྱི་ཡིག་ཁུག་ནང་ལ་འདྲུད་པ་དང་། གལ་སྲིད་རྩིས་འཕྲུལ་ལ་གསང་གྲངས་ཡོད་ན་གོ་རིམ་དེའི་ནང་གསང་གྲངས་ནང་འཇུག་བྱེད་དགོས། དེའི་རྗེས་རྩིས་འཕྲུལ་བསྐྱར་སློང་གནང་ནས་ཧི་མ་ལ་ཡའི་མཐེབ་གཞོང་ཁ་སྣོན་བྱ་ཆོག
རྒྱུད་ཁོངས་སྒྲིག་འགོད།
མཐེབ་གཞོང་གདམ་གསེས།
མཐེབ་གཞོང་གསར་སྣོན།
བསྐྱར་དུ་གློག་ཀླད་སྒོ་ཕྱེ་རྗེས། གཡོན་ཟུར་གྱི་ཀུ་ཤུའི་རིས་རྟགས་ལ་མནན་ནས་མ་ལག་བཀོད་སྒྲིག་འདེམས་དགོས། གཡོན་དུ་མཐེབ་གཞོང་འདེམས་པ་དང་། དེ་ནས་གཡས་འགྲམ་དུ་ཡིག་རིགས་ནང་འཇུག་གི་བཟོ་བཅོས་བདམས་ཏེ། གཡོན་ཞབས་ཀྱི་ཨང་རྟགས་+ཅན་བདམས་ནས། བོད་སྐད་རྙེད་རྗེས་Tibetan-Himalayaམནན་ནས་མཐེབ་གཞོང་གསར་སྣོན་བྱ་ཆོག །