༄༅།།མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས།

སྐལ་བཟང་རིན་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 05-29


《མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས》ཀྱི་ལས་གཞིའི་མགོ་རྩོམ་པའི་མཛད་སྒོ་དང་གསོ་སྦྱོང་ཚོགས་འདུ་བསྡུས།

      ཙོང་ཁ་བདེ་ཁམས་ཀྱི་ལྟེ་གནས་མཚོ་ཤར་གྲོང་ཁྱེར་གྱི་ཚོགས་འདུའི་ལྟེ་གནས་སུ། 《མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས》(མཚོ་ཤར་གླེགས་བམ)ཀྱི་ལས་གཞིའི་མགོ་རྩོམ་པའི་མཛད་སྒོ་དང་གསོ་སྦྱོང་ཚོགས་འདུ་བསྡུས། ཚོགས་འདུ་ལ《མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས》(མཚོ་ཤར་གླེགས་བམ)ཀྱི་ཆེད་མཁས་ཚོ་ཆུང་གི་མི་སྣ་རྣམ་པ་དང་མཚོ་ཤར་རྫོང་དྲུག་གི་འབྲེལ་ཡོད་འགོ་ཁྲིད། རྫོང་སོ་སོས་རྩ་འཛུགས་བྱས་པའི་བརྟག་ཞིབ་པ་བཅས་ཁྱོན་བསྡོམས་མི100ལྷག་ཞུགས་ཡོད། མཚོ་ཤར་གྲོང་ཁྱེར་གྱི་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སངས་རྒྱས་ཀྱིས་ཚོགས་འདུ་ལ་མགོ་འཛིན་བྱས་པ་དང་། ཆེད་མཁས་ཚོ་ཆུང་གི་ཚན་གཙོ་གཞོན་པ་པདྨ་ལྷུན་གྲུབ་ཀྱིས་ལས་གཞིའི་དགོས་ངེས་རང་བཞིན་དང་ལས་གཞིའི་འཛུགས་སྐྲུན་སྐོར་གྱི་གཏམ་བཤད་གནང་ལ། གྲོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལྷ་རྒྱལ་གྱིས་ལས་གཞི་དངོས་འབེབས་ཁྲོད་ཀྱི་འགན་ནུས་དང་ཆོད་སེམས་སྐོར་གྱི་གཏམ་བཤད་གལ་ཆེན་གནང་།  གསོ་སྦྱོང་ཚོགས་འདུའི་ཐོག་ཏུ། 《མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས》(མཚོ་ཤར་གླེགས་བམ)ཀྱི་ཆེད་མཁས་ཚོ་ཆུང་གི་ཆེད་མཁས་པ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ། འབུམ་རམས་པ་མགོན་པོ་ཚེ་རིང་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་གཅན་ཚའི་བཀྲ་བྷོ། 《བོད་ཀྱི་དམངས་སྲོལ་རིག་གནས》རྩོམ་སྒྲིག་ཁང་གི་ཞིབ་འཇུག་པ་བཀའ་མ་མཁའ་འབུམ། ཞིང་ཆེན་དམངས་ཨུའི་ཆེད་མཁས་པ་པདྨ་ལྷུན་གྲུབ་དང་འབུམ་རམས་པ་ཚེ་དཔལ་སྟོབས་ལྡན། མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་ཚེ་མཁར་རྒྱལ་བཅས་ཀྱིས་སོ་སོར《མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས》(མཚོ་ཤར་གླེགས་བམ)ཀྱི་འཚོལ་སྡུད་ལག་དེབ་ཀྱི་ནང་དོན་སྐོར་འཆད་ཁྲིད་བྱས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1