འདི་ནི་མང་ཚོགས་ཀྱིས་གཞིས་རྩེ་ཇོ་མོ་གླང་མ་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་སྟོན་ཚོགས་གླིང་དུ་སེའུ་སྒོང་འཐུ་བཞིན་པ།
ཟླ་5ཚེས་28ཉིན་པ་སྣམ་རྫོང་གི“རྣམ་པར་བཀྲ་བའི་མཁའ་ལྗོངས·སྐྱེ་ལྡན་གྱི་པ་སྣམ”ཞེས་པའི་ཤིང་འབྲས་དང་སྔོ་ཚལ་འཐུ་བའི་དུས་ཆེན་སྐབས་བཅུ་པ་གཞིས་རྩེ་ཇོ་མོ་གླང་མ་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་སྟོན་ཚོགས་གླིང་དུ་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཤིང་འབྲས་དང་སྔོ་ཚལ་འཐུ་བའི་དུས་ཆེན་སྤེལ་ཡུན་ནི་ཟླ་4ལྷག་ཙམ་ཡིན་པ་དང་དེར་སྔོག་འཐུ་ཁུལ་7དང་སྔོ་ཚལ་མཉམ་ལས་ཁང་209དང་འབྲེལ་བ་ཡོད་པ་དང་། དྲོད་ཁང་500ཙམ་ནས་ཤིང་འབྲས་དང་སྔོ་ཚལ་སྣ་ཁ་40ཙམ་འཐུ་ཆོག་གི་ཡོད་པ་རེད།