འདི་ནི་བདེ་ཞིང་ཤང་ཡིད་འོང་དཔལ་གྲོང་ཚོའི་མང་ཚོཌ་ཀྱིས་ཇ་ལོའི་རྟེན་གཞིར་ཇ་ལོ་འཐོག་བཞིན་པ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་བདེ་ཞིང་ཤང་གིས་ཡུལ་བབ་དང་བསྟུན་ནས་ཇ་ལོ་དང་། ཤིང་འབྲས། རླམ་རྩྭ་ཕོ་སུལ། ཀོ་ཤ་བཅས་འདེབས་འཛུགས་དང་། དེ་བཞིན་ཕྱུགས་རིགས་གསོ་ཚགས་དང་སྨྱུག་བསླས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ཞིང་། མིག་སྔའི་བར། ཇ་ཞིང་མུའུ་2882.5དང་། ཤིང་འབྲས་ཞུ་མཁན་གྱི་ནུས་རྒྱུ་གསར་པའི་རིག་ནུས་འདེབས་གསོའི་ལག་རྩལ་གྱི་དཔེ་སྟོན་རྟེན་གཞི་མུའུ་22 ཤིང་འབྲས་འབྲུག་སིལ་གྱི་རྟེན་གཞི་མུའུ་18 རླམ་རྩྭ་ཕོ་སུལ་དང་ཀོ་ཤ་འདེབས་འཛུགས་རྟེན་གཞི་མུའུ་120ལྷག་ཙམ་བཅས་བཏབ་ནས་གྲོང་གསེབ་འཕེལ་རྒྱས་དང་། ཐོན་ལས་དར་སྤེལ། མང་ཚོགས་འབབ་འཕར་བཅས་ལ་འགན་ལེན་ནུས་ལྡན་བྱས།