༄༅།། ཡོས་བརྔོ་བའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ་ལས་དྲངས། སྤེལ་དུས། 06-12


ཨབ་ཟ་ལེགས་པོའི་དཀྱིལ་ལ།།

ནག་པོའི་ཨོ་རོག་མ་གཏོང་།།

ནག་པོའི་ཨོ་རོག་བྱུང་ན།།

གནས་ཚང་ཨ་མས་ལབ་ཡོང་།།

བསྐྱར་བསྐོར་དཔོན་པོའི་བཀའ་རེད།།

ཡང་བསྐོར་བསྐྱོན་པ་མ་གནང་།།

སྲོད་ལ་སྲོད་གླང་འགྱུར་ཤོག།

སྲོད་གླང་དམར་པོར་འགྱུར་ཤོག།

ཡོས་གཞོང་འགྱོང་དགོས་ཡོད་དོ།།

གྲུ་བཞི་འགྱོང་དགོས་ཡོད་དོ།།

ཡོས་དེ་ལེགས་པོའི་དཀྱིལ་ལ།།

ནག་པོ་ཨོ་རོག་མ་གཏོང་།།

ནག་པོའི་ཨོ་རོག་བཏང་ན།།

ཆུང་བདག་རོགས་མོས་ལབ་ཡོང་།།

ཆུང་བདག་རོགས་མོ་མ་འགྱུར།།

གལ་སྲིད་འགྱུར་བ་བྱུང་ན།།

དམ་པའི་ཆོས་ལ་འགྱུར་ཤོག།

ཨབ་ཟ་ལེགས་པོའི་དཀྱིལ་ལ།།

ནག་ཆུང་ཨོ་རོག་མ་གཏོང་།།

ནག་ཆུང་ཨོ་རོག་བྱུང་ན།།

ཨ་མས་བཀའ་བཀྱོན་གནང་ཡོང་།།

ཡོས་ལ་ནག་བཙོག་མ་གཏོང་།།

ཨོ་རྒྱན་པད་མའི་ཚོགས་ཡོས།།

འོང་གིས་སྐེད་པ་ཟིན་སོང་།།

འོང་ཆང་སིལ་མ་འཁྱེར་ཤོག།

འོང་སྟོད་ལྟད་མོ་ཆེ་བ།།

འོང་གཞི་འབྲུ་སྣ་འཛོམས་བྱུང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1