ལི་ཐང་རྫོང་གིས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-21


    ལྔ་པའི་ཚེས་ལྔའི་དུས་ཆེན་ཐོན་ལ་ཉེ་བའི་སྐབས་གླགས་དང་བསྟུན་ནས་ལི་ཐང་རྫོང་དྲིལ་བསྒྲགས་པུའུ་ཡིས་2023ལོའི་ང་ཚོའི་དུས་ཆེན་ཏེ་ལྔ་པའི་ཚེས་ལྔའི་དུས་ཆེན་ཞེས་པའི་དུས་རབས་གསར་པའི་དཔལ་ཡོན་དོན་འཁྱོལ་གྱི་བྱེད་སྒོ་སྤེལ། བྱེད་སྒོའི་སྟེང་བོད་ཡིག་དང་རྒྱ་ཡིག་གི་ཡིག་གཟུགས། རི་མོ། བརྙན་པར། ཐང་ག །སྒྲུང་བཤད་སོགས་འགྲེམ་སྟོན་བྱས་པ་བརྒྱུད། ལི་ཐང་རྫོང་གི་འཕེལ་རྒྱས་ཀྱི་སྣང་བརྙན་གསར་པ་དང་རང་བྱུང་སྐྱེ་ཁམས་ཀྱི་བཀོད་པ། མི་དམངས་ཀྱི་བརྩོན་སེམས། དུས་རབས་གསར་པའི་རྣམ་པ་བཅས་མངོན་པར་མ་ཟད། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1