འདི་ནི་ཡུལ་སྨད་ཤང་གི་ཡུལ་མིའི་སྡོད་ཁང་ཡིན་པ།
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནི་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་སུ་གནས་པ་དང་། དེ་སྔ“ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་ཤང”ཞེས་བརྗོད་ཀྱི་ཡོད། དུས་རབས་གོང་མའི་ལོ་རབས་60པའི་་ཚུན་གྱི་དུས་ཡུན་རིང་པོ་ཞིག་ནང་། དེ་གར་སངས་རྒྱས་ཆོས་པ་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་ལས་མེད། ཁོང་ཚོས་ཐོག་མཐའ་བར་གསུམ་དུ“ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན་པ་དང་ཕྱུགས་འཚོ་མཐའ་སྲུང་བྱ་རྒྱུ་ནི་ལས་འགན་ཞིག་ཡིན”ཞེས་པའི་འགྱུར་མེད་ཀྱི་དད་སེམས་བརྟན་པོ་མཐའ་འཁྱོངས་ཀྱིས། ལོ་བཅུ་གྲངས་ཉིན་གཅིག་ལྟར་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་བསྲུངས་ནས། རྒྱལ་གཅེས་མཐའ་སྲུང་གི་མི་སེམས་འགུལ་བའི་གཏམ་རྒྱུད་དང་དུས་རབས་ཀྱི་བསྟོད་གླུ་བརྩམས་ཡོད། བགྲེས་སོང་སངས་རྒྱས་ཆོས་པ་2001ལོར་གྲོངས་པ་དང་ཁོང་མ་གྲོངས་གོང་བུ་མོ་གཉིས་ལ“རྒྱལ་ཁབ་ཀྱིས་ཡུལ་སྨད་ཤང་འཛུགས་སྐྲུན་ཡག་པོ་བྱེད་ངེས་རེད”ཅེས་བཤད་ཡོད།
ད་ཆ་བགྲེས་སོང་སངས་རྒྱས་ཆོས་པའི་བསམ་འདུན་དོན་ལ་སྨིན་ཡོད། 2018ལོའི་ཟླ་2པར་བོད་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་ཏེ། མཐའ་མཚམས་མི་དམངས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་དང་མཐའ་སྲུང་མཐའ་བརྟན་ཟུང་དུ་འབྲེལ་བ་དང་། “ཆུ་གློག་ལམ་དང་འཕྲིན་གཏོང་དང་དྲ་བ་དང་། ཚན་སློབ་རིག་འཕྲོད་སྲུང(སྤྱི་ཚོགས་འགན་སྲུང)”གི་མཐོར་གཏོང་འདུ་འགོད་བཅུར་དམིགས་ནས། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་ཧུར་ཐག་བསལ་ཏེ་མཐའ་མཚམས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་བཏང་ཡོད། 2018ལོ་ནས་བཟུང་ཡུལ་སྨད་ཤང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་དང་དེའི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས། ཆུ་འབུད་དང་། འཕྲིན་གཏོང་། སློབ་གྲྭ ལྟེ་བའི་སྤྱི་གླིང་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་རིམ་གྱིས་གྲུབ་ཡོད་པ་རེད། 2019ལོར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་5ལྷག་ཙམ་བཏང་ནས་ཁྱོན་ལམ་ཐག་སྤྱི་ལེ་50ཟིན་པའི་ཡུལ་སྨད་ནས་ཕྱི་ཕྱོགས་སུ་ཤར་གཏོང་ཐུབ་པའི་སྣུམ་ནག་གཞུང་ལམ་བསྐྱར་སྐྲུན་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་སྟེ། ཡུལ་སྨད་དུ་ལོ་ལྟར་གངས་ཀྱིས་རི་ལམ་འགག་པའི་དཀའ་ངལ་བསལ་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་གློག་དྲས་ཆན་ཧྥུའུ་10ཡི་གློག་སྐུད་ཡུལ་སྨད་དུ་ཁྲིད་པས་ཡུལ་སྨད་བ་ཚོས་བདེ་འཇགས་དང་ཧ་ཅང་བརྟན་པའི་གློག་སྤྱོད་ཐུབ་པ་བྱུང་ཡོད།2022ལོར་ཡུལ་སྨད་ཤང་ཡོངས་ཀྱི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་4.4ཙམ་ཟིན་པ་དང་མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་40ཟིན་ཡོད། དེ་སྔའི“མི་གསུམ་ཤང”དེ་ཁོངས་གཏོགས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་གཉིས་ཀྱི“འབྱོར་འབྲིང་ཤང་ཆུང་ངུར”གྱུར་ཡོད།
འདི་ནི་སྒྲོལ་དཀར(གཡས)དང་གཡང་འཛོམས་ཀྱིས་ཕ་སངས་རྒྱས་ཆོས་པའི་ཁང་པའི་ནང་ཕ་དམ་པས་བཙེམས་པའི་རྒྱལ་དར་སྒྲེང་བའི་འཇིམ་བརྙན་གྱི་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།
པར་གོང་མ་ནི་1997ལོའི་ཟླ་9པར་པར་བླངས་པའི་ཡུལ་སྨད་ཤང་ཡིན་པ། པར་འོག་མ་ནི་2023ལོའི་ཟླ་6ཚེས་10ཉིན་པར་བླངས་པའི་ཡུལ་སྨད་ཤང་ཡིན་པ།
འདི་ནི་སྒྲོལ་དཀར(གཡས)དང་གཡང་འཛོམས་ཀྱིས་ཕ་སངས་རྒྱས་ཆོས་པའི་ཁང་པའི་ནང་ཁོང་གི་འཇིམ་བརྙན་དང་དྲན་རྟེན་པར་རྒྱག་བཞིན་པ།
འདི་ནི་ལྷུན་རྩེ་རྫོང་གི་རིག་རྩལ་ལས་དོན་པས་ཡུལ་སྨད་ཤང་གི་གྲོང་མིར་ལྷ་མོ་འཁྲབ་བཞིན་པ།
འདི་ནི་ཡུལ་སྨད་ཤང་གི་སྦྲག་སྲིད་ལས་དོན་པ་བསོད་ནམས་སྒྲོལ་དཀར་གྱིས་མྱུར་སྐྱེལ་སྦྲག་སྲིད་ཐོ་འགོད་བྱེད་བཞིན་པ།
འདི་ནི་ཡུལ་སྨད་ཤང་ནས་པར་བླངས་པའི་གྲོགས་པོ་ཆུང་ཆུང་ཡིན་པ།
འདི་ནི་ཡུལ་སྨད་ཤང་གི་སློབ་གྲྭ་ཆེ་མོ་བ་དང་པོ་བསོད་ནམས་དོན་གྲུབ་ཡིན་པ།