༄༅།། མནོལ་སྟོན།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ་ལས་དྲངས། སྤེལ་དུས། 06-29


 བོད་རིགས་ཀྱི་བྱིས་པ་ཕོ་མོ་གང་ཡིན་རུང་སྐྱེས་ནས་ལོ་གསུམ་མ་ལོན་བར་དུ་མགོའི་སྐྲ་མི་བཞར་ལ། དེ་ལ་མནོལ་སྐྲ་བཞག་པ་ཟེར། ལོ་གསུམ་ལོན་རྗེས་ཏུ་སྐོང་ནང་ནས་བུ་ཆེས་མང་བ་དང་ཚང་མ་འཚམས་པོར་ཡོད་པ་འབྱོར་བ་ཆེས་བཟང་བའི་རྒན་པོ་ལོ་ལོན་ཁ་གཙང་མགོ་གཙང་ཞིག་གིས་ཉི་མ་རྩེ་ཤར་ལ་བྱིས་པའི་སྐྲ་ཁྲུས་ཆུས(ཆུ་ནང་ལ་འོ་མ་ཅུང་ཟད་བླུག་སྟེ་སྔགས་བཟླས་ནས་བསྔགས་པ)བཀྲུས་རྗེས།བཀྲ་ཤིས་ཁ་གཡང་བརྗོད་ཞོར་སྐྲ་བཞར་ཏེ་རལ་བ་འཇོག རལ་བ་མ་གཏོགས་སྐྲ་ཚང་མ་བཞར་ཏེ་རས་ཐུམ་ལ་བཅུག་ནས་བྱིས་པ་རང་གི་ལྭ་བའི་སྟག་རྒྱབ་ལ་བཙེམ།ཉིན་དེར་རུ་སྐོར་གྱི་མི་དང་ས་གཞན་ན་ཡོད་པའི་ཉེ་མི་ཀྱིས་བྱིས་པའི་མགོ་ལ་འདོགས་རྒྱུའི་ཙོར་ལོ་ཁྱེར་ཡོང་ནས་རྟེན་འབྲེལ་ཞུ་ཞིང་ཚང་མས་དགའ་དགའ་སྤྲོ་སྤྲོས་མནོལ་སྟོན་ལ་རོལ། བླ་བྲང་ས་ཆ་ལྟ་བུར་མཚོན་ན། བོད་ལུགས་ལོ་གསུམ་ལོན་པའི་ལོ་དེའི་ལོ་གསར་ཚེས་གསུམ་མམ། ཡང་ན་ལོ་དེའི་བཞི་པ་ས་ག་ཟླ་བའི་ཚེས་བཅུ་གཅིག་ལ་མནོལ་སྐྲ་ལེན་པའི་སྲོལ་མཆིས།


རྩོམ་ཡིག་སྔོན་མ།
༄༅།། མི་ཉག་ལྕགས་ཟམ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1