ས་མཐོར་འཚམ་པའི་ལྗོན་ཤིང་འཛུགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 06-29


འདི་ནི་ལས་མིས་ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་གྲོང་ཚོའི་ཉེ་འཁོར་གྱི་རི་ལྡེབས་སུ་ལྗོན་ཤིང་འདེབས་བཞིན་པ།

        ཉེ་ཆར། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭའི་རེས་སྐོར་གསར་པ་འཛུགས་འགོ་ཚུགས་ནས་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱི་རྫོང་དང་ཆུས་5ཡི་ཁྱབ་ཁོངས་སུ་སྒྲོན་ཤིང་དང་ཁམ་སྡོང་སོགས་ས་མཐོར་འཚམ་པའི་ལྗོན་ཤིང་རིགས་འདེབས་པ་དང་ནགས་བཟོ་མུའུ་ཁྲི་9.7བྱེད་རྩིས་ཡོད་པ་རེད།

        ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ནི་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ནགས་བཟོའི་ལས་གྲྭ་ཞིག་རེད། 2022ལོར། ལྷ་ས་གྲོང་ཁྱེར་གྱིས་ནགས་བཟོ་སྔོ་འགྱུར་མུའུ་ཁྲི་55.87བྱས་པ་དང་། ནགས་ཚལ་དང་རྩྭ་ཐང་སྐྱེ་ཁམས་འཛུགས་སྐྲུན་གྱིས་མང་ཚོགས་མི་ཐེངས་ཁྲི་168ཀྱི་ལས་ཞུགས་ལ་སྐུལ་མ་ཐེབས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1