སྤྱི་ཟླ་6པའི་ཚེས་27ཉིན་གྱི་ནམ་གུང་ཆུ་ཚོད་དང་པོ་ཡས་མས་སུ། རྔ་བ་ཁུལ་ཝུན་ཁྲོན་རྫོང་དུ་དུས་ཐུང་དྲག་ཆར་བབས་རྐྱེན། ཝུན་ཁྲོན་རྫོང་མེན་སི་གྲོང་རྡལ་པན་ཙི་ལུང་པ་དང་ཝེ་ཀྲོའུ་གྲོང་རྡལ་ཞིན་ཆའོ་ལུང་པ་གཉིས་ལ་གློ་བུར་དུ་ཆུ་ལོག་གི་གནོད་འཚེ་བྱུང་། འཇིགས་སྣང་ཐེབས་པའི་མང་ཚོགས་900ལྷག་བདེ་འཇགས་གནས་སུ་སྤོས་ནས་བཀོད་སྒྲིག་བྱས་པ་དང་། གྲལ་བཤེར་བྱས་རྗེས་མི་7ལ་འབྲེལ་བ་ཆད། དེ་ནས་སྤྱི་བདེ་དང་མེ་ཟོན། ནགས་ཚལ་ཉེན་རྟོག །གློག་ཤུགས་སོགས་ཀྱི་མི་སྣ་409སྒྲིག་འཛུགས་བྱས་ནས་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་ཀྱི་ལས་ཀ་སྤེལ།
སྤྱི་ཟླ་6པའི་ཚེས་27ཉིན། གསར་འགོད་པས་ཝུན་ཁྲོན་རྫོང་འཕྲལ་བསྟུན་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་གསལ། ཐེངས་འདིའི་ཝུན་ཁྲོན་གྱི་ཆུ་ལོག་གནོད་འཚེའི་འོག་མི་གསུམ་རྐྱེན་ལམ་དུ་ཤོར་ཡོད་པ་དང་། ཡུལ་དངོས་ནས་བརྟག་དཔྱད་བྱས་རྗེས་རྐྱེན་ལམ་དུ་ཤོར་བའི་མི་གཉིས་ནི་མེན་སི་གྲོང་རྡལ་པན་ཙི་ལུང་པའི་བཟའ་མི་གཉིས་ཡིན་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་ཅིག་ཤོས་དེའི་ཐོབ་ཐང་ལ་བརྟག་དཔྱད་བྱེད་བཞིན་ཡོད། །མིག་སྔར། ཝུན་ཁྲོན་རྫོང་ཁོངས་ཀྱི་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ལམ་213དང་317ནས་རླངས་འཁོར་ཤར་སྐྱོད་ཐུབ་ཀྱི་ཡོད། །