༄༅། །ཚྭ་མང་དྲགས་ན་བདེ་ཐང་ལ་གནོད་པ་ཤིན་ཏུ་ཆེ་བས་གཟབ་རྒྱུ་གལ་ཆེ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 07-14


        སྤོ་བོ་བཀྲ་ཤིས་ལགས་ཀྱིས་འཚོ་བ་ལ་བྲོ་བ་སྣ་ཚོགས་ལྡན་དགོས་ཟེར་ཞིང་། ཁོང་གིས་དུས་རྒྱུན་ཟ་མ་གཡོས་སྦྱོར་བྱེད་སྐབས་ཚྭ་དང་སྨན་སྣ་སོགས་མང་པོ་སྤྱོད་པར་མ་ཟད། བསྙལ་ཚལ་དང་བསྙལ་ཤ་སོགས་ཚྭ་ཁ་མཐོན་པོའི་ཟས་རིགས་ལ་དགའ་པོ་བྱེད་ཀྱི་ཡོད།

        ཉིན་ཞིག་ཁོང་འཆམ་འཆམ་ནས་ལོག་རྗེས་གློ་བུར་དུ་གཟུགས་པོ་མི་བདེ་བར་གྱུར། ཁོང་ལམ་ཐག་རིང་པོར་བསྐྱོད་མེད་ཀྱང་ཐང་ཆད་ཅིང་མགོ་ན་བར་མ་ཟད། མགོ་ཡུ་འཁོར་བས་སྨན་ཁང་དུ་འགྲོ་དགོས་བྱུང་བ་རེད། སྨན་པས་ཁོང་གི་ཁྲག་ཤེད་མཐོན་པོ་འདུག་ཅེས་བརྗོད། དེ་ནི་དུས་རྒྱུན་ཁོང་ཚྭ་ཆེ་བའི་མཐོ་བའི་ཟ་མ་ཟ་རྒྱུར་དགའ་པོ་ཡོད་པ་དང་འབྲེལ་བ་ཡོད་ལ། དུས་ཐོག་ལ་གོམས་གཤིས་དེར་འགྱུར་བ་མ་བཏང་ཚེ་ན་ཚ་གཞན་དག་ཕོག་ཉེན་ཡོད་པ་རེད།

ཚྭ་ཆེ་བའི་ཟས་རིགས་ལ་དགའ་པོ་བྱེད་མི་རུང་།

        ཚྭ་ནི་ཟ་མའི་ནང་མེད་དུ་མི་རུང་བ་ཞིག་ཡིན། ཚྭ་འདང་ངེས་མ་བཟས་ཚེ་ནཱ་རྒྱུ་མི་འདང་བར་ཟས་ཀྱི་ཡི་ག་ཆད་པ་དང་རྐང་ལག་གི་ཤུགས་ཉམས་པ། མགོ་ཡུ་འཁོར་བ་སོགས་ཀྱི་རྟགས་མཚན་མངོན་ལ། ཚབས་ཆེ་རིགས་ལ་སྐྱུག་མེར་ལངས་པ་དང་། ཟས་ཀྱི་དང་ག་མེད་པ། སྙིང་འཕར་ལྡིང་མགྱོགས་སུ་འགྲོ་བ་སོགས་ཀྱི་ནད་རྟགས་ཐོན་པ་ཡིན།

        ཚྭ་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་བདེན་ན་ཡང་། མང་དྲགས་ན་བདེ་ཐང་ལ་གནོད་པ་ཡིན་ཏེ། ཁྲག་ཤེད་མཐོ་རུ་འགྲོ་བ། མཁལ་མའི་ནུས་པར་གནོད་པ། ཕོ་བའི་བདེ་ཐང་ལ་གནོད་ནས་ཕོ་ནད་སློང་བ་དང་། ཐ་ན་ཕོ་སྐྲན་ཡང་ཕོག་སྲིད། ཀལ་རྒྱུ་བཅུད་ལེན་བྱེད་པར་ཤུགས་རྐྱེན་ཐེབས་ནས་རུས་རྒྱུ་སབ་སོབ་ཏུ་འགྱུར་ཉེན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1