མིག་ཏུ་ཐོགས་པའི་ནམ་ཟླ་སེར་པོ་མཁའ་ལ་བརྐྱངས་པའི་གསེར་ཟམ་འདི་ནས
ཕུགས་བསམ་དང་སྙིང་སྟོབས་ཀྱི་ཕ་འབབ་ཁྱོར་གང་བཏེགས
རེ་བ་དང་ཡིད་ཆེས་ཀྱི་གྲུབ་འབྲས་རུམ་གང་ཁྱེར
ཁྱོད་ནི་དུས་ཚིགས་ཤིག་གི་སྒལ་ཚིགས་ཡིན་ན
སེམས་གསེང་གི་དམིགས་རྟེན་རིང་མོ་འཕྲེད་དུ་འགེལ་ཆོག
སྙིང་ཁོང་གི་ན་ཟུག་གསོན་པོ་ཁལ་དུ་བགོ་ཆོག
ལོ་མ་རེ་རེ་ས་རུ་འཛགས་དུས
རྨི་ལམ་གྱི་རྔུལ་ཆུ་འགྲམ་པར་འཛར་ཡོད
དབྱར་གཞུང་གི་མཛེས་པ་རླུང་ལ་ཞོན་ཏེ
དྲི་བཞོན་བུ་མོའི་ལག་བརྡའི་གསེབ་ན
ངའི་སྙན་ངག་འདི
སྔར་བཞིན་ཁྱོད་ཀྱི་ཁ་དོག་ལ་འཁྲེང་ཡོད
ཁ་དོག་དེས་བསྣམས་པའི་རེ་འབྲས་ལ་ཅེར་ཡོད