ཟླ་བདུན་པར་བོད་བྱང་ཐང་གི་གནམ་གཤིས་དྲོ་ལ་ཆར་ཆུ་མང་དུ་སོང་ནས་རྩྭ་ཆུ་ཡང་དེ་བས་ཕུན་སུམ་ཚོགས་སུ་ཕྱིན། དེ་གར་མཚོ་དང་མཚེའུ་ནི་སྐར་ཚོགས་ལྟར་ཁྱབ་པ་མ་ཟད། མུ་མཐའ་བྲལ་བའི་རྩྭ་ཐང་དང་། འཁྱག་རོམ། ཆུ་ཚན་བཅས་ཀྱང་ཡོད། གཙོད་དང་། རྒོ་བ། རྐྱང་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྩ་ཆེན་དང་། གངས་རི། རྩྭ་ཐང་། གནམ་སྔོན་བཅས་ནི་རྣམ་པར་བཀྲ་བའི་རི་མོ་ཞིག་དང་མཚུངས།