ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་དངོས་མང་བཤམས་སྟོན་ཁང་སྒོ་འབྱེད་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-01



        ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་དངོས་མང་བཤམས་སྟོན་ཁང་སྒོ་འབྱེད་པའི་མཛད་སྒོ་ཏུང་ཨན་མཚེའུ་ལུས་རྩལ་སྤྱི་གླིང་དུ་འཚོགས་ཤིང་། དེ་ནི་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཐོག་འགྲན་བསྡུར་འགོ་མ་ཚུགས་གོང་སྤྱི་དམངས་ལ་སྒོ་ཕྱེ་བའི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོའི་དངོས་མང་བཤམས་སྟོན་ཁང་ཐོག་མ་དེ་ཡིན། རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལས་ཚབ་ལེ་ནུའོ·ཨའེ་ཏེ་མཛད་སྒོར་ཕེབས་པ་དང་འབྲེལ་ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་དངོས་མང་བཤམས་སྟོན་ཁང་གི་འགོ་འཛིན་གྱི་འགན་འཁུར་བ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་དངོས་མང་བཤམས་སྟོན་ཁང་དེ་ཏུང་ཨན་མཚེའུ་ལུས་རྩལ་སྤྱི་གླིང་གཙོ་བོ་ལུས་རྩལ་ཐངDཁུལ་དུ་ཡོད་ཅིང་།རྒྱལ་སྒོའི་མདུན་ཕྱོགས་ནི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་མཆོད་རྟེན་ཡིན། ཀྲུང་གོ་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་སུན་ཞའོ་ཡུན་གྱིས་ཁང་མིང་བྲིས་པ་རེད། ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་དངོས་མང་བཤམས་སྟོན་ཁང་ལས་འགྲེམས་སྟོན་ནི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་རེ་ཞུ་དང་། ཛ་དྲག་ངང་གྲབས་གཉེར། ངོ་མཚར་ཆེ་བའི་སྒོ་ནས་གཉེར་བ་བཅས་གཙོ་གནད་བྱས་ཏེ།དུས་རབས་ཀྱི་འོས་འགན་དང་། འགན་འཁྲི་འཁུར་བ། གོ་ལ་ཧྲིལ་པོའི་འདུ་ཚོགས་བཅས་ལེ་ཚན་གསུམ་ལ་གཞིགས་ནས་འགྲེམས་སྟོན་བྱས་ཤིང་།འགྲེམས་སྟོན་ཧྲིལ་པོའི་གཞི་ཁྱོན་སྨི་ངོས་གྲུ3300ཟིན་ཡོད་པ་རེད།

        ད་སྔའི་བར་ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་དངོས་མང་བཤམས་སྟོན་ཁང་གིས་རིགས་ཁག་གི་དངོས་རྫས་ཉར་ཚགས་བྱས་པའི་དངོས་རྫས1000ལྷག་ཙམ་དང་གཟུགས་བརྙན་དང་དེ་བཞིན་གློག་རྡུལ་དཔྱད་ཡིག་ཁྲི8ཙམ་བསྡུ་རུབ་བྱས་པ་དང་། སྐབས་འདིའི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་རྩ་ཆེ་བའི་དངོས་པོ་ཕུད་དངོས་མང་བཤམས་སྟོན་ཁང་གིས་ད་དུང་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་གི་རིན་ཐང་གལ་ཆེན་ལྡན་པའི་གཟེངས་བསྟོད་རྟགས་མ་དང་། དཔལ་འབར། མཚན་རྟགས། བཀྲ་ཤིས་མཚོན་རྟགས་སོགས་རྩ་ཆེ་བའི་ཉར་ཚགས་དངོས་པོ་བསྡུ་ཉར་བྱས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1