ཞི་ཅིན་ཕིང་གིས་བརྒྱད་གཅིག་གི་སྔ་ནུབ་ཏུ་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་ལ་གཟིགས་ཞིབ་གནང་སྐབས་ནན་གསུང་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 08-02


བརྒྱད་གཅིག་དམག་བཙུགས་དུས་ཆེན་འཆར་ཉེའི་སྐབས་སུ། ཟླ་7ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་ལ་གཟིགས་ཞིབ་གནང་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་ནུབ་རྒྱུད་འཐབ་ཁུལ་མཁའ་དམག་གི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་མ་ཟད། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་དཔོན། ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ།

        བརྒྱད་གཅིག་དམག་བཙུགས་དུས་ཆེན་འཆར་ཉེའི་སྐབས་སུ། ཟླ་7ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་ལ་གཟིགས་ཞིབ་གནང་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་ནུབ་རྒྱུད་འཐབ་ཁུལ་མཁའ་དམག་གི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་མ་ཟད། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་དཔོན། ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ།

        ཞི་ཅིན་ཕིང་གིས་བརྒྱད་གཅིག་གི་སྔ་ནུབ་ཏུ་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་ལ་གཟིགས་ཞིབ་གནང་སྐབས་ནན་བཤད་གནང་དོན། དཔུང་སྡེའི་དེང་རབས་ཅན་གྱི་ཆུ་ཚད་མགྱོགས་མྱུར་མཐོ་རུ་བཏང་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་དཔོན། ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ།

        ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། བརྒྱད་གཅིག་དམག་བཙུགས་དུས་ཆེན་འཆར་ཉེའི་སྐབས་སུ། ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་ལ་གཟིགས་ཞིབ་གནང་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་ནུབ་རྒྱུད་འཐབ་ཁུལ་མཁའ་དམག་གི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་མ་ཟད། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་དཔོན། ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པར་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་དང་། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་མཛད་ཕྱོགས་ལག་བསྟར། དཔུང་སྡེའི་དེང་རབས་ཅན་གྱི་ཆུ་ཚད་མགྱོགས་མྱུར་མཐོ་རུ་གཏོང་བ་བཅས་བྱས་ནས། ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

     དབྱར་དུས་ཀྱི་ཁྲེང་ཏུའི་གང་སར་སྔོ་ལྗང་གིས་བརྒྱན་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་བཞིན་མཆིས། སྔ་དྲོའི་ཆུ་ཚོད་10དང་སྐར་མ་20ཙམ་ལ་ཞི་ཅིན་ཕིང་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་ལས་ཁུངས་སུ་ཕེབས་ནས་དཔུང་སྡེ་འཛུགས་སྐྲུན་དང་དམག་གྲབས་དམག་འཐབ་ཀྱི་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་བཙུགས་ཚུན་གྱི་ལས་དོན་ཁག་དང་ལས་འགན་སྒྲུབ་པའི་གནས་ཚུལ་ལ་གདེང་འཇོག་གང་ལེགས་གནང་བ་རེད།

     ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ལས་འགན་གྱི་དགོས་མཁོར་དམ་པོར་དམིགས་པ་དང་དམིགས་བསལ་གྱི་ཁོར་ཡུག་དང་འཕྲོད་པར་བྱས་ཏེ་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། རྒྱུན་གཏན་གྱི་མཁའ་ཟོན་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་མཁའ་ཟོན་བདེ་འཇགས་འགན་ལེན་བྱེད་དགོས། གོ་མཚོན་གསར་པ་དང་སྟོབས་ཤུགས་གསར་པར་འཐབ་ནུས་མགྱོགས་མྱུར་ལྡན་པར་སྐུལ་འདེད་བཏང་ནས་དམག་འཐབ་མ་ལག་དང་མཉམ་འདྲེས་དམ་ཟབ་ཐུབ་པར་བྱེད་དགོས། མཁའ་དམག་དཔུང་སྡེ་དང་ས་ཐོག་གནམ་འཕེན་འཕུར་མདེལ་དང་། ལེ་ཏ། གློག་རྡུལ་འགྲན་རྒོལ་སོགས་དཔུང་སྡེའི་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ་དམག་འཐབ་ཀྱི་འཇོན་ཐང་སྤྱི་ཡོངས་ནས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་རྒྱུན་འཁྱོངས་ལྷོད་མེད་ངང་དམ་འཛིན་ཤུགས་ཆེན་བྱས་ཏེ་དངོས་ཡོད་དཔེ་གཞི་ཅན་གྱི་འགྲན་རྒོལ་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་གཙོ་གནད་དང་དཀའ་གནད་ཀྱི་སློབ་ཚན་ཆེད་མངགས་སྦྱོང་བར་ཤུགས་སྣོན་བརྒྱབ་སྟེ་སྦྱོང་བརྡར་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས།

     ཞི་ཅིན་ཕིང་གིས་བསྟན་དོན། དམག་ཡོངས་ཀྱི་ཏང་འཛུགས་སྐྱོང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་གིས་བསམ་བློ་དང་། ཆབ་སྲིད། རྩ་འཛུགས་བཅས་ཀྱི་ཐད་ནས་དཔུང་སྡེར་སྟངས་འཛིན་ནན་པོ་བྱེད་དགོས། མཐོ་རིམ་ཏང་ཨུད་ལ་དམ་འཛིན་བྱས་ཏེ་གོང་གིས་འོག་ལ་སྣེ་ཁྲིད་དང་བླང་བྱ་ནན་པོ་འདོན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ། དམག་གྲབས་དམག་འཐབ་ལ་འགོ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཏང་ཨུད་ཚན་ཁག་གི་རང་ངོས་འཛུགས་སྐྱོང་གི་གསོན་ཤུགས་ཆེ་རུ་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཚང་མ་སྟོབས་དང་ལྡན་པའི་དམག་འཐབ་མཁར་རྫོང་དུ་འགྱུར་བར་བྱས་ཏེ་གཞི་རིམ་འཛུགས་སྐྱོང་ཕྱོགས་ཡོངས་ནས་དར་རྒྱས་དང་ཉམས་སད་ཐེག་པར་སྐུལ་འདེད་གཏོང་དགོས། ནན་པོའི་རྩ་བའི་དགོངས་གཞིར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ཁག་ནན་དུ་བཏང་ནས་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ཟམ་མི་ཆད་པར་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ནས་དཔུང་སྡེའི་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ་དང་། ཟབ་སྦྱོང་མཐིལ་རྟོཌ་དང་ཤེས་སྦྱོར་གཅིག་མཐུན་མཐའ་འཁྱོངས། གནད་དོན་བཅོས་སྒྲིག་འགོ་ནས་མཇུག་བར་ཁྱབ་པ་མཐའ་འཁྱོངས། གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པའི་ཁྲོད་ལས་དོན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔུང་སྡེ་འཛུགས་སྐྱོང་གི་རྣམ་པ་གསར་པ་གཏོད་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1