གུང་གཞོན་ཚོགས་པ་མཛོད་དགེ་རྫོང་ཨུས་མཛོད་དགེ་འཛམ་གླིང་ལ་ངོམ་ཞེས་པའི་ཡུལ་སྐོར་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ།

འཕྲིན་སྤེལ་བ། དཔལ་མགོན། རྩོམ་སྒྲིག་པ།སངས་རྒྱས་ནོར་བུ།ཡོང་ཁུངས། སྤེལ་དུས། 08-07


    མུ་མཐུད་དུ་མཛོད་དགེ་འཛམ་གླིང་ལ་ངོམ་པའི་མཚན་སྙན་ཇེ་ལེགས་སུ་བཏང་སྟེ།  མཛོད་དགེར་སླེབས་པའི་ཡུལ་སྐོར་བར་རང་ཁྱིམ་དུ་ལོག་པ་ལྟ་བུའི་ཡུལ་སྐོར་ཁོར་ཡུག་བསྐྲུན་ཆེད།  ཟླ8པའི་ཚེས3ཉིན་ནས་བཟུང་།  གུང་གཞོན་ཚོགས་པ་མཛོད་དགེ་རྫོང་ཨུས་ན་གཞོན་དང་བླངས་པ20ལྷག་རྩ་འཛུགས་བྱས་ཏེ།   རྫོང་མཁར་གྱི་འཛུལ་སྒོ་དང་མཁར་ཁུལ་གྱི་ལམ་མདོ་གཙོ་བོ་སོགས་སུ་ཡུལ་སྐོར་དང་བླངས་ཞབས་ཞུ་ས་ཚིགས3བཙུགས་ནས།   མཛོད་དགེ་འཛམ་གླིང་ལ་ངོམ་ཞེས་པའི་ཡུལ་སྐོར་དང་བླངས་ཞབས་ཞུ་ནན་གྱིས་བསྒྲུབས།

    བྱེད་སྒོར་ན་གཞོན་དང་བླངས་པ་རྣམས་ཀྱིས་ཡུལ་སྐོར་བར་ཡུལ་སྐོར་ཆ་འཕྲིན་འདྲི་རྟོག་དང་། རིན་མེད་བཏུང་ཆུ་དང་སྟབས་བདེའི་ཐུག་པ་སྟེར་བ་བཅས་འདོན་སྤྲོད་བྱས་པ་དང་།  ཡུལ་སྐོར་བདེ་འཇགས་དཔལ་ཡོན་གྲོས་འདོན་ཡི་གེ་བཀྲམ་པ་སོགས་ཀྱི་དང་བླངས་ཞབས་ཞུ་སྒྲུབ་པ་དང་མཉམ་དུ།   རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་ཅུས་དང་མཉམ་དུ་ཞག་སྡོད་ཁང་མེད་པའི་ཡུལ་སྐོར་བར་མགྲོན་ཁང་འཚོལ་རོགས་སྒོས།  སེམས་ཁམས་སློབ་གསོ་འདོན་སྤྲོད་གནང་།

    མེན་དབྱང་ནས་ཡོང་བའི་ཡུལ་སྐོར་བ་ཞིག་གིས་ཞག་སྡོད་ཁང་མ་རྙེད་པར།  དང་བླངས་ཞབས་ཞུ་ས་ཚིགས་སུ་ཡོང་སྟེ་རོགས་ཞུ་བྱས་པས།  ན་གཞོན་དང་བླངས་པ་རྣམས་ཀྱིས་བརྩེ་བ་ཆེན་པོས་སྣེ་ལེན་གྱིས་ཟས་སྡོད་འཚོལ་བར་ཁྲིད་སྟོན་དང་འཁོར་འཇོག་ར་བ་འདོན་སྤྲོད་སོགས་ཀྱི་ཞབས་ཞུ་གང་ལེགས་བསྒྲུབས།   ཡུལ་སྐོར་བ་དེས་བཤད་རྒྱུར། དང་བླངས་ཞབས་ཞུ་ཤིན་ཏུ་ལེགས་ལ།  རང་འགུལ་ངང་ཁྱོད་ཀྱིས་ཟ་མ་ཨེ་ཟོས་དང་འདུག་གནས་ཨེ་རྙེད་ཅེས་འདྲི་བར་མ་ཟད།  གཏེར་ཆུའང་སྟེར་བས་བཟའ་མི་ལྟར་བརྩེ་བ་ལྡན།   ཕྱིན་ཆད་ཉེ་འཁོར་གྱི་གྲོགས་པོ་རྣམས་ལ་མཛོད་དགེ་དྲིལ་སྒྲོག་བྱེད་རྒྱུ་ཡིན་ཟེར།

    ཐེངས་འདིའི་སྤུས་ལེགས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་བརྒྱུར།   མཛོད་དགེའི་སྣང་བརྙན་ཇེ་ལེགས་སུ་བཏང་བར་མ་ཟད།  མཛོད་དགེའི་ན་གཞོན་རྣམས་ཀྱི་དབྱང་རླུང་ཉུང་རུང་སྙིང་སྟོབས་ཆེ་ལ། ས་བབ་མཐོ་ལ་དགོངས་པ་ལྷག་ཏུ་མཐོ་བའི་དཔའ་ཉམས་ལེགས་པར་ངོམས་པ་དང་མཉམ་དུ།  རྒྱ་ཆེའི་ཡུལ་སྐོར་བ་རྣམས་ཀྱི་བསྟོད་བསྔགས་ཐོབ།  རྗེས་སོར་གུང་གཞོན་ཚོགས་པ་རྫོང་ཨུས་མུ་མཐུད་དུ་མཐུན་སྒྲིལ་དང་དངོས་གཉེར།  གསར་སྤེལ།  འབད་འཐབ།  སྐྱེས་འབུལ་བཅས་རྨ་ཆུའི་སྙིང་སྟོབས་དར་སྤེལ་སྒོས།   འཛམ་གླིང་གི་མཐོ་སྒང་ན་འདམ་སྐྱེ་ཁམས་ཡུལ་སྐོར་བྱེད་ཡུལ་མཛེས་ཤོས་བསྐྲུན་པར་ལང་ཚོའི་ནུས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1