དབྱར་གསེང་གི་སྤྲོ་སྣང་།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 08-08


        ཉེ་ཆར། “རྒྱུགས་ཤིག·གཞོན་ནུ་ཚོ”ཞེས་པའི་2023ལོའི་བོད་རང་སྐྱོང་ལྗོངས་ཀྱི“ཕུགས་བསམ་དོན་དུ་གཉེར་མཁན་གཞོན་ནུ”ཞེས་པའི་ཕ་མ་བུ་ཕྲུག་མཉམ་དུ་རྐང་འཁོར་བཞོན་པའི་དབྱར་སྒར་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད། དབྱར་སྒར་བྱེད་སྒོའི་ནང་ཞུགས་མཁན་མི་གྲངས་58ལྷ་ས་ནས་ཐོན་ཏེ་ས་བབ་མཐོ་ཚད་སྨི་5000ཟིན་པའི་བར་ལ་དང་གསེར་སྐྱེམས་ལ་གཉིས་བརྒལ་ནས་སྤྱི་ལེ་600ལྷག་ཙམ་བསྐྱོད་རྗེས་ཉིང་ཁྲིའི་སྤོ་བོ་ཡིད་འོང་ཇ་རར་འབྱོར་བ་རེད། བྱེད་སྒོ་སྤེལ་རིང་། ཕྲུ་གུ་ཚོས་གསར་བརྗེའི་རྗེས་ཤུལ་ལ་ལྟ་སྐོར་དང་། ཇ་ལོ་འཐུ་སྟངས་ཉམས་ལེན། ཕྱི་རོལ་གྱི་རྒྱ་སྐྱེད་རྣམ་གྲངས་ནང་ཞུགས་པ་བཅས་བྱས་པ་མ་ཟད། རང་བྱུང་ཁམས་ཆེན་པོའི་ངོ་མཚར་མྱོང་རོལ་བྱེད་པ་དང་ཆབས་ཅིག ཚོགས་པའི་མཉམ་ལས་འདུ་ཤེས་ཟབ་ཏུ་ཕྱིན་པ་བཅས་སྤྲོ་སྣང་ལྡན་པའི་གུང་གསེང་ཞིག་བཏང་ཞིང་། འདི་ནི་ཕྲུ་གུ་ཚོས་ཕྱི་རོལ་དུ་རྐང་འཁོར་བཞོན་ནས་སྐྱོད་བཞིན་པའི་རྣམ་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1