ཀྲུང་གོ་དང་འཇར་པན་གྱི་མཛའ་བརྩེའི་གྲོས་མོལ་ཚོགས་ཆེན་དེ་པེ་ཅིང་གི་མི་དམངས་ཚོགས་ཁང་ཆེན་མོར་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-26


          སྤྱི་ཟླ་5པའི་ཚེས་23ཉིན། ཀྲུང་གོ་དང་འཇར་པན་གྱི་མཛའ་བརྩེའི་གྲོས་མོལ་ཚོགས་ཆེན་དེ་པེ་ཅིང་གི་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་དུ་གསུང་བཤད་གལ་ཆེན་གནང་བ་དང་། དེ་ལ་འཇར་པན་གྱི་འཕྲིན་སྦྱོར་ཆེ་ཤོས་དག་གིས་དོ་སྣང་ཤུགས་ཆེན་བྱས་ཡོད་པ་རེད། 

           ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གནང་བའི་ཉིན་དེའི་དགོང་མོར། འཇར་པན་གྱི་གུང་ཐུང་ཁང་དང་NHKབརྙན་འཕྲིན་ཁང་། དེ་བཞིན་འཇར་པན་གྱི་ཚགས་པར་དང་གློག་རྡུལ་ཚགས་པར་སོགས་ཀྱི་འཕྲིན་སྦྱོར་གཙོ་བོ་དག་གིས་སྔ་རྗེས་སུ་ཚོགས་འདུའི་འབྲེལ་ཡོད་ནང་དོན་ཁྱབ་བསྒྲགས་བྱས་འདུག ཁོང་ཚོས་དོ་སྣང་བྱུ་ཡུལ་གཙོ་བོ་ནི། ཞི་ཅིན་ཕིང་གིས་ཀྲུང་འཇར་ཕྱོགས་གཉིས་ཀྱི་མཛའ་མཐུན་ཞི་བདེའི་འབྲེལ་བ་འཕེལ་རྒྱས་གཏང་དགོས་པའི་གལ་ཆེན་རང་བཞིན་དང་། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བར་གཙིགས་ཆེན་བྱས་པའི་དུས་མཚུངས་སུ། ལོ་རྒྱུས་ཀྱི་གནད་དོན་ཐོག་ནམ་ཡང་ལངས་ཕྱོགས་ལ་གཡོ་བ་མེད་ཚུལ་ནན་གྱིས་བསྟན་པའི་སྐོར་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1