༄༅། །ས་ཞིང་གཉེར་སྐྱོང་དབང་ཆ་འཁོར་རྒྱུག་གན་རྒྱའི་ནང་སྤྱིར་བཏང་དུ་དོན་ཚན་གང་དག་ཚུད་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། སྤེལ་དུས། 08-14


        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་འགན་གཙང་ལེན་བཅའ་ཁྲིམས》ཀྱི་དོན་ཚན40པའི་གཏན་འབེབས་གཞིར་བཟུང་སྟེ། ས་ཞིང་གཉེར་སྐྱོང་བྱེད་དབང་འཁོར་རྒྱུག་བྱེད་པར་དོ་བདག་ཕྱོགས་གཉིས་ཀས་ཡིག་ཐོག་གི་འཁོར་རྒྱུག་གན་རྒྱ་འཇོག་དགོས་ལ། ས་ཞིང་གཉེར་སྐྱོང་བྱེད་དབང་འཁོར་རྒྱུག་གན་རྒྱར་སྤྱིར་བཏང་དུ་གཤམ་གསལ་གྱི་དོན་ཚན་དག་འདུས་ཏེ།


        གཅིག ཕྱོགས་གཉིས་ཀའི་དོ་བདག་གི་རུས་མིང་དང་སྡོད་གནས།

        གཉིས། འཁོར་རྒྱུག་ས་ཞིང་གི་མིང་དང་གནས་ས། རྒྱ་ཁྱོན། སྤུས་ཚད་ཀྱི་རིམ་པ།

        གསུམ། འཁོར་རྒྱུག་དུས་ཡུན་དང་མགོ་བརྩམས་པ་ནས་མཇུག་བསྒྲིལ་བའི་དུས་ཚོད།

        བཞི། འཁོར་རྒྱུག་ས་ཞིང་གི་སྤྱོད་སྒོ།

        ལྔ། ཕྱོགས་གཉིས་ཀའི་དོ་བདག་གི་ཁེ་དབང་དང་འོས་འགན།

        དྲུག འཁོར་རྒྱུག་རིན་དངུལ་དང་སྤྲོད་སྟངས།

        བདུན། ས་ཞིང་ཁྲིམས་ལྟར་བསྡུ་ལེན་དང་བསྡུ་སྤྱོད། བཟུང་སྤྱོད་བཅས་བྱེད་སྐབས་ཀྱི་འབྲེལ་ཡོད་སྐྱིན་ཚབ་འཇལ་དངུལ་གྱི་གཏོགས་ཁོངས།

        བརྒྱད། ཁ་ཆད་དང་འགལ་བའི་འགན་འཁྲི་བཅས་ཡིན།

        འགན་གཙང་ལེན་མཁན་ཕྱོགས་ཀྱིས་ས་ཞིང་མི་གཞན་ལ་ཚབ་རྨོ་བྱེད་དུ་བཅུག་ནས་ལོ1ལས་མི་བརྒལ་བ་ཡིན་ན། ཡིག་ཐོག་གི་གན་རྒྱ་མ་བཞག་ནའང་ཆོག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1