ཞི་ཅིན་ཕིང་གིས་ས་གནས་འབྲེལ་ཡོད་ལས་བྱེད་པ་རྣམས་དང་གླེང་མོལ་གནང་བཞིན་པ།
སྤྱི་ཟླ་5པའི་ཚེས་25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲའེ་ཅང་ཀྲོའུ་ཧྲན་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཁོང་གནམ་གྲུའི་ནང་ནས་བབས་མ་ཐག་གྲོང་ཁྱེར་འགྲེམ་སྟོན་ཁང་དུ་ཕེབས་ནས་ཀྲོའུ་ཧྲན་གླིང་ཚོམ་ཁུལ་གསར་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་མཚོན་པའི་འདྲ་པར་དང་བརྙན་ཐུང་སོགས་ལ་གཟིགས་ཞིབ་གནང་བར་མ་ཟད། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ལ་དངོས་སུ་ཁ་བརྡ་བྱས་པ་བརྒྱུད་ས་གནས་འདིའི་འཚོ་བའི་ཆུ་ཚད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་ཡོད།
ཞི་ཅིན་ཕིང་གིས་ཀྲོའུ་ཧྲན་ཏེན་ཧའེ་ཁུལ་གྱི་གྲོང་སྡེ་གསར་པའི་མི་རྣམས་དང་ལྷན་དུ་གྲོང་སྡེའི་ནང་ཕེབས་བཞིན་པ།
ཞི་ཅིན་ཕིང་གིས་ཀྲོའུ་ཧྲན་ཏེན་ཧའེ་ཁུལ་གྱི་གྲོང་སྡེ་གསར་པའི་མི་རྣམས་དང་བཞུགས་མོལ་གནང་སྐབས། མང་ཚོགས་ཀྱིས་ཞིང་གྲོང་ལས་བྱེད་པའི་འགོ་ཁྲིད་འོག་ང་ཚོ་ཕྱུག་འགྱུར་གྱི་ལམ་དུ་ཕྱིན་ཡོད་ཅེས་བསྔགས་བརྗོད་བྱེད་སྐབས། ཞི་ཅིན་ཕིང་གིས། མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བར་རེ་སྙེག་བྱེད་བཞིན་པ་དེ་ནི་ང་ཚོའི་ཏང་གི་འབད་བརྩོན་དམིགས་འབེན་ཡང་ཡིན། ལས་བྱེད་མི་སྣ་བཟང་མི་བཟང་ནི་ང་ཚོས་ཐག་གཅོད་མི་ཐུབ། དེ་ནི་མང་ཚོགས་ཀྱིས་བཤད་པ་ལྟར་ཡིན་ཞེས་གསུངས་འདུག །
ཞི་ཅིན་ཕིང་གིས་ཀྲོའུ་ཧྲན་ཏེན་ཧའེ་ཁུལ་གྱི་གྲོང་སྡེ་གསར་པའི་མི་རྣམས་དང་ལྷན་དུ་བཞུགས་མོལ་གནང་བཞིན་པ།