བྱིས་པའི་འཁྲབ་གཞུང་ཐོག་མ《དོན་ཡོད་དོན་གྲུབ》 ལྷ་སར་འཁྲབ་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 08-22


       སྤྱི་ཟླ་8ཚེས་18ཉིན་གྱི་དགོང་མོ། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་གཙོ་གནད་ཐོག་གསར་བཞེངས་བྱས་པའི་བོད་ལྗོངས་ཀྱི་ལོ་ཆུང་བྱིས་པའི་གར་སྟེགས་ཐོག་གི་ལྷ་མོའི་འཁྲབ་གཞུང་ཐོག་མ་《དོན་ཡོད་དོན་གྲུབ》ཅེས་པ་ངོ་མཚར་སྟོང་གི་ཕྱུག་པ་དེ་ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ་འཁྲབ་སྟོན་བྱས་པ་དང་། 2023ལོའི་ལྷ་ས་གྲོང་ཁྱེར་ཞོ་སྟོན་གྱི་རྩེར་སོན་འཁྲབ་ཚན་གྱི་འཁྲབ་སྟོན་བྱེད་སྒོའི་གྲུབ་ཆ་ཞིག་ཏུ་གྱུར། ཟློས་གར་འདིས་གནའ་སྔ་མོའི་ཟངས་གླིང་ཟེར་བའི་རྒྱལ་ཁབ་གཅིག་དང་། དེའི་རྒྱལ་སྲས་དོན་ཡོད་དང་དོན་གྲུབ་སྐུ་མཆེད་གཉིས་ཀྱི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་དང་ཕན་ཚུན་གྱི་བརྩེ་བ་ཟབ་མོའི་བྱུང་རིམ་ཡིད་དབང་འཕྲོག་པ་གླེང་ཡོད་ཅིང་། རྒྱལ་སྲས་གཉིས་ཀྱིས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ། མཐར་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲིད་བསྐྱངས་བའི་གཏམ་རྒྱུད་བརྗོད་ཡོད། འཁྲབ་སྟོན་བྱེད་སྐབས་དྲ་ཐོག་དང་དྲ་འོག་ཟུང་འབྲེལ་གྱི་ཐབས་ལམ་བཟུང་སྟེ་རྒྱ་ཆེའི་གཟིགས་མོ་བ་དང་མཉམ་དུ་ལོ་ཆུང་བྱིས་པའི་ལྷ་མོའི་ཟློས་གར་གྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་འཚོལ་ཞིབ་བྱས་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་སྟོད་ལུང་བདེ་ཆེན་ཆུས་སོགས་ནས་ཡོང་བའི་གྲོགས་པོ་ཆུང་ཆུང་38ཞུགས་ནས་ཟླ་གཉིས་ལྷག་ཙམ་གྱི་དགུན་གསེང་གི་ལས་ཞོར་དུས་ཚོད་སྤྱད་དེ་གཅིག་སྡུད་ཐོག་ནང་སྦྱོང་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1