ཟླ8པའི་ཚེས22ཉིན། ཁུལ་ཡོངས་ཀྱི་ཁྱིམ་གཞིས་གསུམ་དཔེ་སྟོན་དམ་འཛིན་རྟེན་གཞིའི་ཡུལ་དངོས་ལྟ་སྦྱོང་བྱེད་སྒོ་མཛོད་དགེ་རྫོང་དུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏུའུ་ཧའེ་དབྱང་ལྟ་སྦྱོང་བྱེད་སྒོར་ཞུགས། རྫོང་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ཝུའུ་ཞའོ་ཏུང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་སུན་ཏན། རྫོང་གི་འབྲེལ་ཡོད་སྡེ་ཁག་དང་ཡུལ་གྲོང་ཁག་གི་འགན་འཁུར་བ་བཅས་ལྟ་སྦྱོང་བྱེད་སྒོར་ཞུགས།
ལྟ་སྦྱོང་ཚན་ཆུང་སྔ་རྗེས་སུ་མཛོད་དགེ་རྫོང་དབུལ་སྐྱོར་ཐོན་ལས་རྟེན་གཞི(གླིང་ཁུལ)དང་། དཔལ་སྐྱིད་གྲོང་རྡལ་བན་ཡུལ་གྲོང་ཚོ། བཞག་ལྡོམ་གྲོང་རྡལ་མཐའ་བ་གྲོང་ཚོ། རྨེ་ཆུ་ཡུལ་ཚོའི་བོ་ཚང་གྲོང་ཚོ། བྱམས་མེ་གྲོང་རྡལ་ཧུ་ར་གྲོང་ཚོ་བཅས་སུ་བསྐྱོད་དེ། ཡུལ་དངོས་ནས་ལྟ་ཞིབ་དང་མཚམས་སྦྱོར་ལ་མཉན་ཞིང་། སྤེལ་རེས་སོགས་ཀྱི་ལམ་ནས་རང་རེའི་རྫོང་གི་ཁྱིམ་གཞིས་གསུམ་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ལྟ་སྦྱོང་ཚན་ཆུང་གིས་རང་རེའི་རྫོང་གིས་ཐུན་མིན་གྱི་མི་རིགས་རིག་གནས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྱད་ལྡན་ཐོན་ལས་བཏོད་པ་དང་། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་བྱེད་ཐབས་ལ་གདེང་འཇོག་གང་ལེགས་བྱས།
མཛོད་དགེ་རྫོང་གི་དབུལ་སྐྱོར་ཐོན་ལས་རྟེན་གཞིའི་འཆར་འགོད་རྒྱ་ཁྱོན་མུའུ655ཟིན་པ་དང་། རྒྱལ་ལམ213པའི་ལམ་ཐིག་དང་ཁྲེང་ཟི་ལྕགས་ལམ་མཛོད་དགེ་འབབ་ཚུགས་དང་བར་ཐག་ཉེ་བས། འགྲིམ་འགྲུལ་ས་བབ་ཀྱི་ལེགས་ཆ་མངོན་གསལ་ལྡན། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་དང་བཅུ་བཞི་པའི་རིང་རྟེན་གཞི་འཛུགས་སྐྲུན་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར1.86བཏང་བ། རྟེན་གཞིས་བཅའ་སྡོད་ཁེ་ལས8ནང་འདྲེན་བྱས་ཤིང་། དེ་རུ་བཤས་གཏོང་ཁེ་ལས2དང་ཤ་རིགས་དང་འོ་མའི་ཐོན་རྫས་ཁེ་ལས3དང་། འབྲི་གཡག་གསོ་ཚགས་ཀྱི་མ་ལག་ཚང་བའི་ཁེ་ལས1དང་ཀྲུང་ལུགས་སྨན་རྫས་ལས་སྣོན་ཁེ་ལས1དང་། ཞིང་ལས་ཁྱད་ལྡན་ཐོན་རྫས་ཐད་གཏོང་བྲིན་ཚོང་ཁེ་ལས1བཅས་གནས་ཡོད། རྟེན་གཞིར་ཞུགས་པའི་ཁེ་ལས་ཀྱིས་ས་གནས་ཀྱི་མི126གི་ལས་ཞུགས་གནད་དོན་ཐག་བཅད། ཉེ་འཁོར་གྱི་མི200ལྷག་ཙམ་ལ་ལས་ཞུགས་སྐུལ་ཁྲིད་བྱས། རྟེན་གཞིས་ཐོན་ལས་ཀྱི་སྟེགས་བུ་ཇེ་བརྟན་དུ་བཏང་ནས། འགུག་འདྲེན་ནུས་ཤུགས་ཆེ་རུ་བཏང་ནས་ཐོན་ལས་འབྲེལ་ཐག་གི་གྲུབ་ཆ་འཐུས་ཚང་དུ་བཏང་། ཚོང་བྲིན་གང་ལེགས་བྱས་ཏེ་རང་རེའི་རྫོང་གི་འབྲི་གཡག་ཐོན་ལས་འབྲེལ་ཐག་མགྱོགས་མྱུར་གྱིས་འཕེལ་རྒྱས་བཏང་། ཐོན་ལས་ཀྱིས་ལས་ཞུགས་དང་ཡོང་འབབ་འཕར་སྣོན། དར་སྤེལ་བཅས་ལ་སྐུལ་འདེད་ཀྱིས་གྲུབ་འབྲས་མངོན་གསལ་ལོན། སྔོན་དཔག་ལྟར་ན་ཁེ་ལས་ཡོངས་རྫོགས་ཐོན་སྐྱེད་བྱེད་མགོ་ཚུགས་རྗེས་མི660ལྷག་ཙམ་ལས་ཞུགས་ཐུབ་པ་དང་། མི5000ལྷག་ཙམ་གྱི་ལས་ཞུགས་ལ་སྐུལ་ཁྲིད་བྱེད་ཐུབ། མིག་སྔར་གླིང་ཁུལ་གྱི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཀྱི་འཁོར་སྐྱོད་དང་ཐོན་ལས་འབྲེལ་ཐག་ཆགས་ཡོད། ཞིང་འབྲོག་མང་ཚོགས་ཁྲོམ་ར་འཛུགས་སྐྲུན་དང་ཡོང་འཕར་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་ཚད་ཇེ་མང་དུ་གཏོང་ཐུབ། གླིང་ཁུལ་ཁེ་ལས་ཀྱི་ཁྲལ་བསྡུའི་བརྒྱ་ཆ25དབུལ་ཐར་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འགན་ལེན་ཐད་སྤྱད་པ་དང་། བོགས་དངུལ་གྱི་བརྒྱ་ཆ25ཞིང་འབྲོག་པའི་ཡོང་འབབ་དམའ་བ་དང་དབུལ་ཐར་དུད་ཚང་གི་ཡོང་འཕར་ལ་རོགས་སྐྱོར་བྱེད་པར་སྤྱད།
ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གིས་དཔེ་སྟོན་སྣེ་ཁྲིད་ནི་གྲོང་གསེབ་དར་སྤེལ་གྱི་ནུས་ལྡན་ཐབས་ལམ་ཞིག་ཏུ་བརྩིས་ནས། དམིགས་ཚད་གཅིག་ལ་ཕྱོགས་ནས་སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་བསྒྲུབ་རྒྱུ་མཐའ་འཁྱོངས་སྒོས། གཞིས་སྡོད་ལ་འཚམ་པ་དང་ལས་ཀའི་ཁོར་ཡུག་ལེགས་པ། ཡུལ་སྐོར་ལྗོངས་ཁུལ་ལེགས་པའི་མཛེས་ལྡན་ལྔའི་གྲོང་གསེབ་ཁག་གཅིག་ལེགས་པར་བསྐྲུན་ཏེ། གཙོ་གནད་དཔེ་སྟོན་ལེགས་འཛུགས་ཀྱིས་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བར་འབད་འཐབ་བྱས།
2023ལོར་མཛོད་དགེ་རྫོང་གིས་ཐོན་ལས་ཁྱབ་ཚུལ་དང་རྨང་གཞིའི་རིམ་སྤོར། རྣམ་པ་བསྒྱུར་བཀོད་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ནས། མ་དངུལ་སྒོར་དུང་ཕྱུར1.02སྡེབ་སྒྲིལ་བྱས་ཏེ། ཁྱིམ་གཞིས་གསུམ་འཛུགས་སྐྲུན་རྣམ་གྲངས17འཆར་འགོད་ལག་བསྟར་བྱས་ནས། ཁྱིམ་གཞིས་གསུམ་བསྐྲུན་པའི་གྲོང་ཚོ6དང་གཙོ་གནད་རོགས་སྐྱོར་གྲོང་ཚོ4དང་། གནད་སའི་དཔེ་སྟོན་གྲོང་ཚོ3དང་རིམ་སྤོར་གྲོང་ཚོ2བཅས་བསྐྲུན། གྲོང་ཚོའི་གཞིས་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་ཡུལ5བསྐྲུན་ནས། རིམ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞིས་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་། དེང་རབས་ཅན་གྱི་འབྲོག་ལས་གསོ་ཚགས་རྟེན་གཞི8བསྐྲུན་པ་དང་། ཞིང་ལས་ཁྱད་ལྡན་ཐོན་རྫས་བྲིན་ཚོང་ལྟེ་གནས2བཙུགས་པ། བཏོག་འཐུའི་ཐོན་སྐྱེད་གླིང1བསྐྲུན་པས། ཞིང་འབྲོག་པའི་ཡོང་འབབ་ཆེས་ཆེར་འཕར་སྣོན་བཏང་།