2023ལོའི་ཟླ8པའི་ཚེས24ཉིན། 《མཛོད་དགེ་འཛམ་གླིང་ལ་ངོམ་པ་སྟེ་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང(མཛོད་དགེ་ཁུལ)འཛུགས་སྐྲུན་སྐུལ་སྤེལ་ཚོགས་འདུ》རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་དུ་འཚོགས། ཐེངས་འདིའི་སྐུལ་སྤེལ་ཚོགས་འདུར་རྒྱང་སྐྱོད་ལོ་རྒྱུས་ཀྱི་ཡུལ་དངོས་སུ་བསྐྱོད་དེ། གསར་བརྗེའི་སྔོན་བྱོན་པའི་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་འཚོལ་ཞིབ་ཀྱིས་རིག་གཞུང་བགྲོ་གླེང་བྱས་ཏེ། རྒྱུད་རིམ་ལྡན་པར་དཔལ་སྐྱིད་གྲོས་ཚོགས་ཀྱི་ལོ་རྒྱུས་དོན་སྙིང་དང་གོ་གནས། བབ་བཟོ་གཡུལ་འགྱེད་ཀྱི་ཏང་གི་ལོ་རྒྱུས་དང་དམག་དོན་ལོ་རྒྱུས་ཁྲོད་ཀྱི་དོན་སྙིང་གལ་ཆེན། སྲོག་འཕྲོག་དོང་རྙི་ལས་ཐར་ཏེ་རྩྭ་ཐང་ཆེན་མོ་བརྒལ་བའི་རྒྱང་སྐྱོད་སྙིང་སྟོབས་རླབས་པོ་ཆེ་བཅས་ལ་ཞིབ་འཇུག་བྱས་ཏེ། ཡོངས་ཁྱབ་ནས་མཛོད་དགེ་རྒྱང་སྐྱོད་ལོ་རྒྱུས་ཀྱི་མཚན་སྙན་དང་རིན་ཐང་དོན་སྙིང་ཇེ་ཆེར་བཏང་།
མཛོད་དགེ་རྫོང་བན་ཡུལ་ཡུལ་ཚོའི་བན་ཡུལ་གྲོང་སྡེ་ནི། བགྲང་བྱ་བདུན་ཅུའི་སྔོན་དམར་དམག་གིས་རྩྭ་ཐང་བརྒལ་རྗེས་མིག་ལམ་དུ་མངོན་པའི་གྲོང་སྡེ་དང་པོ་ཡིན། སྐབས་དེར་བན་ཡུལ་གྲོང་སྡེར་ཁྱིམ་ཚང་བཅུ་ཕྲག་ལས་མེད་ཅིང་། ཤིང་དུམ་ཕྲ་མོ་འགས་བཏེགས་པའི་སྤྱིལ་བུའི་ངོས་སུ་ལྕང་མའི་ཡལ་གས་བཅིངས་ཏེ། དེའི་སྟེང་དུ་ལྕི་བ་བྱུགས་ཡོད་པ་ནི་སྡེ་དམངས་ཀྱི་སྡོད་ཁང་ཡིན་པས། ལྕི་བའི་ཁང་བ་ཞེས་པའི་འབོད་སྲོལ་བྱུང་། བགྲང་བྱ་བདུན་ཅུའི་རྗེས་ཀྱི་བན་ཡུལ་གྲོང་སྡེ་ནི་རྣམ་པ་གཞན་ཞིག་ཏུ་གྱུར་ཏེ། སྡེ་དམངས་ཀྱི་སྡོད་ཁང་གཅིག་ལས་གཅིག་བཟང་ཞིང་རྒྱལ་དར་རླུང་གིས་བསྐྱོད་པར་མ་ཟད། གསར་བརྗེའི་རིག་གནས་ཡུལ་སྐོར་ཚ་ཚ་འུར་འུར་དུ་དར་སྤེལ་གཏོང་བཞིན་ཡོད།
ཧྭ་ནན་དགེ་ཐོན་སློབ་ཆེན་གྱི་འབུམ་རབས་པའི་མཛུབ་སྟོན་དགེ་རྒན་དེ་སྔའི་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་པུའུ་དང་པོའི་ཀྲུའུ་རེན་དགེ་རྒན་ཆེན་མོ་ཅང་ཅན་ནུང་གིས་བཤད་རྒྱུར། རྒྱང་སྐྱོད་ལམ་བུའི་ཁྲོད་ཆེས་གལ་ཆེ་བའི་དོན་དག་ཅིག་ནི་གངས་རི་དང་རྩྭ་ཐང་གཉིས་རེད། རྩྭ་ཐང་དུ་བསྐྱོད་པའི་ས་ཁུལ་མང་ཆེ་བ་མཛོད་དགེར་ཡིན་ལ། རྩྭ་ཐང་བརྒལ་བའང་ཐོག་མར་མཛོད་དགེ་ནས་རྩྭ་ཐང་བརྒལ་བ་ཡིན། དེར་བརྟེན་རྩྭ་ཐང་རྒལ་སྐབས་དཀའ་ཚེགས་ཆེས་ཆེ་བའི་དུས་སྐབས་ཡིན་ཟེར། ཕྱོགས་ཁག་གང་གི་དམག་དཔུང་ཡིན་རུང་ཚང་མས་མཛོད་དགེ་ས་ཁུལ་འདིར་རྩྭ་ཐང་རྒལ་སྐབས་རྒྱང་སྐྱོད་སྙིང་སྟོབས་གཅིག་བསྡུས་ཀྱིས་མངོན་པ་ཡིན། གསར་བརྗེའི་ཕུགས་བསམ་དང་གསར་བརྗེའི་དད་མོས། མཐུན་སྒྲིལ་མཛའ་གཅུགས། སྐྱེས་འབུལ་བློས་གཏོང་སོགས་གང་ཡིན་རུང་། ཚང་མ་རྩྭ་ཐང་བརྒལ་བའི་བརྒྱུད་རིམ་ཁྲོད་ལེགས་པར་མངོན་པ་ཡིན། བདག་གིས་བལྟས་ན་བན་ཡུལ་ནི་རྩྭ་ཐང་བརྒལ་རྗེས་ཀྱི་གྲོང་སྡེ་དང་པོ་ཡིན་པའི་ཆ་ནས། གནས་ཤུལ་རྙིང་བ་ལེགས་སྒྲིག་དང་དྲིལ་སྒྲོག་གང་ལེགས་བྱེད་དགོས་འདོད་ཟེར།
རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཡིན་ལ། གལ་འགངས་ཤིན་ཏུ་ཆེ་བའི་ཆབ་སྲིད་ལས་གཞི་དང་རིག་གནས་ལས་གཞི། དམངས་འཚོའི་ལས་གཞི། ཏང་སྐྱོང་ལས་གཞི་བཅས་ཡིན་པས། མཛོད་དགེ་རྫོང་གི་གསར་བརྗེའི་རིག་གནས་སྔར་ལས་སྔོག་འདོན་གང་ལེགས་སྒོས། མཛོད་དགེ་རྫོང་གི་གསར་བརྗེའི་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱེད་པ་དེ། གསར་བརྗེའི་ཁྲག་རྒྱུན་དང་གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་དང་། རྒྱང་སྐྱོད་སྙིང་སྟོབས་དར་སྤེལ། རྒྱུན་མི་ཆད་པར་མཛོད་དགེའི་གསར་བརྗེའི་རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་ལས་དོན་སྤུས་ཀ་མཐོན་པོས་འཕེལ་བའི་ནུས་པ་ཆེར་གཏོང་ཐབས་གལ་ཆེན་ཡིན།
གསར་འགོད་པ་གྲགས་ཅན་ཏང་གི་ལོ་རྒྱུས་དང་དམག་དོན་ལོ་རྒྱུས་ཆེད་མཁས་པ་ཅ་ཡུང་གིས་བཤད་རྒྱུར། 1996ལོར་དམར་དམག་རྒྱང་སྐྱོད་བྱས་ནས་ལོ་འཁོར60ལོན་དུས་ང་རང་མཛོད་དགེར་ཡོང་མྱོང་། སྐབས་དེར་དཔལ་སྐྱིད་གྲོས་ཚོགས་གནས་ཤུལ་ལ་སོང་། གནས་ཤུལ་བདག་སྐྱོང་ལེགས་པོ་བྱས་འདུག མཛོད་དགེ་རྫོང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་མངོན་གསལ་འདུག མཛོད་དགེ་གླིང་ས་མཐོང་བ་ཀུན་སྨོན། མཛོད་དགེའི་གནམ་མཁའ་སྔོ་ཞིང་བསངས་ལ། གནས་འདིར་སླེབས་ན་ང་ཚོས་གསར་བརྗེའི་སློབ་གསོ་མྱོང་ཐུབ་པར་མ་ཟད། ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་འབྲོག་ཁུལ་མི་དམངས་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པར་མཐོང་ཐུབ། གསར་བརྗེའི་ལོ་རྒྱུས་དང་ལྗང་མདོག་འཕེལ་རྒྱས་མཉམ་འདྲེས་ནི་མཛོད་དགེ་རྫོང་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལེགས་ཆ་རེད། འབྱུང་འགྱུར་གྱི་མཛོད་དགེ་ནི་གླུ་དབྱངས་དང་རི་མོ་བཞིན་མཛེས་ཤིང་ལྟ་ན་སྡུག་ངེས་ཟེར།
ཚོགས་ཞུགས་ཆེད་མཁས་པ་རྣམས་རྒྱལ་ཁའི་སྐྱ་རེངས་དྲན་གསོ་རྡོ་རིང་དང་འཕན་ཆུ་དགྲ་རྒོལ་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་གནས་ཤུལ། གཡའ་ལུང་ཀྲུའུ་ཨེན་ལའེ་ཡི་བཞུགས་གནས་རྙིང་བ། དཔལ་སྐྱིད་གྲོང་རྡལ་གྲོང་གསེབ་དར་སྤེལ་གསར་རྗེའི་ཐོན་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་རྣམ་གྲངས། དཔལ་སྐྱིད་གྲོས་ཚོགས་གནས་ཤུལ་བཅས་སུ་བསྐྱོད་དེ་ཡུལ་དངོས་སུ་རྟོག་ཞིབ་བྱས། གཞན་ཡང་མཛོད་དགེ་རྫོང་དམར་དམག་རྩྭ་ཐང་བརྒལ་སའི་བབ་བཟོའི་གཙོ་གནད་ཁུལ་ཇུས་འགོད་ལ་གྲོས་ཞིབ་གང་ལེགས་གནང་སྟེ། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་པར་གྲོས་འདོན་ཇུས་འབུལ་གང་ལེགས་གནང་།
སི་ཁྲོན་ཞིང་ཨུའི་ཏང་གི་སློབ་གྲྭའི་རྒྱུན་ལས་སློབ་གཙོ་གཞོན་པ་ལི་ཤིན་དང་། ཧྭ་ནན་དགེ་ཐོན་སློབ་ཆེན་གྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དེ་སྔའི་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་པུའུ་དང་པོའི་ཀྲུའུ་རེན་ཅང་ཅན་ནུང་། གསར་འགོད་པ་དང་བརྙན་འཕྲིན་བ་གྲགས་ཅན་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཆེད་མཁས་པ་སྨྱན་སྦྱོར་གསར་བའི་ཆེད་མཁས་པ་ཅ་ཡུང་། སི་ཁྲོན་ཞིང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཀྲོའུ་རུའེ་ཅིང་། སི་ཁྲོན་ཞིང་ཨུའི་ཏང་གི་སློབ་གྲྭའི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཅིང་དབྱི་ཀྲུའུ། སི་ཁྲོན་ཞིང་ཆེན་རིག་དངོས་ཅུས་གསར་བརྗེའི་རིག་དངོས་ཁང་གི་འགོ་འཛིན་ཀྲང་ཐེན་ཝུན། སི་ཁྲོན་ཞིང་ཨུའི་ཏང་གི་སློབ་གྲྭའི་མཚན་ཉིད་རིག་པའི་སློབ་དཔྱོད་ཁང་གི་ཀྲུའུ་རེན་དགེ་རྒན་ཆེན་མོ་ལི་ཧོའུ་ཆིང་། སི་ཁྲོན་ཞིང་ཨུའི་ཏང་གི་ལོ་རྒྱུས་སློབ་དཔྱོད་ཁང་གི་ཀྲུའུ་རེན་ཆིའུ་རན། པེ་ཅིང་ཆིང་ཧྭ་ཐུང་ཧེང་འཆར་འགོད་ཇུས་འགོད་ཞིབ་འཇུག་ཁང་གི་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ལྔ་པའི་འགོ་འཛིན་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཆེད་མཁས་ཚན་ཆུང་གི་ཁོངས་མི་ཏུའུ་ཧྥན་ཏིང་། ཁུལ་ཨུའི་ཏང་གི་སློབ་གྲྭའི་རྒྱུན་ལས་སློབ་གཙོ་གཞོན་པ་ཏུའུ་ཆང་། ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་འཆད་ཁྲིད་ཚོགས་པའི་ཚོགས་གཙོ་ལོ་ཀྲའོ་ཝེ། ཁུལ་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཧྥེང་ཏོན་ཁྲུན། ཁུལ་རིག་དངོས་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ལི་ཆིན་ཞུའེ། མཛོད་དགེ་རྫོང་རིམ་པ་གཉིས་པའི་སྐོར་གཟིགས་པ་ཁྲིན་ཝན་ལི། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་སུན་ཏན། རྫོང་ཨུའི་རྒྱུན་ཨུ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧྲང་ཀོང་ལི། མཛོད་དགེ་རྫོང་གི་དམར་དམག་རྗེས་རབས་པ་བཅས་ཚོགས་འདུར་ཞུགས།