ཆར་ཞོད་ཆེ་བའི་གནམ་གཤིས་ཀྱི་བྲུག་འགོག་འཕྲལ་སྡོམ་མྱུར་སྐྱོབ་ལས་དོན་ཇེ་ནན་དུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཆེད། ཟླ8པའི་ཚེས25ཉིན་གྱི་ཕྱི་དྲོར། ཐེ་བོ་གྲོང་རྡལ་གྱིས་བྲུག་འགོག་དང་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས།
ཚོགས་འདུར་ནན་གྱིས་བསྟན་དོན། ཞིང་ཆེན་དང་ཁུལ་དང་རྫོང་བཅས་རིམ་པ་སོ་སོས་བྲུག་འགོག་དང་ས་གཤིས་གནོད་འཚེ་འགོག་བཅོས་ལས་ཀའི་ཚོགས་འདུའི་བླང་བྱ་ལྟར། ད་ཆའི་བྲུག་འགོག་དང་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་ནན་གྱིས་སྒྲུབ་དགོས་ཏེ། གཅིག་ནས་ཐེ་བོ་གྲོང་རྡལ་གྱི་ས་གཤིས་གནོད་འཚེའི་བག་ཉལ་རྐྱེན་ངན་འབྱུང་ཡུལ14དང་ཆུ་ལོག་གི་ཉེན་ཁ་ཡོད་ས23གྱི་ལྟ་ཞིབ་ཚད་ལེན་མི་སྣས། ངེས་པར་དུ་བསམ་བློ་གཅིག་གྱུར་དང་གོ་རྟོགས་མཐོར་འདེགས་སྒོས། བྲུག་འགོག་ལས་འགན་སྔར་ལས་གསལ་བོར་རྟོགས་ཏེ། ཆུ་བྲུག་དུས་སྐབས་ཀྱི་ལས་དོན་ལེགས་པར་སྒྲུབ་པ་ལས་སྟབས་ལེགས་དང་ལྷོད་གཡེང་གི་བསམ་བློ་ཁྱད་གསོད་བྱས་ནས། ལས་འཛོལ་ཅི་ཡང་མི་འབྱུང་བར་འགན་ལེན་དགོས་པ། གཉིས་ནས་གཙོ་གནད་ཁོང་ཆུད་དང་སྟ་གོན་ཚགས་སུ་ཆུད་དགོས་པ། སྔོན་འགོག་གཙོར་བཟུང་ནས་སྡེ་བ་སོ་སོའི་དོན་དངོས་གནས་ཚུལ་དང་འབྲེལ་ཏེ། མུ་མཐུད་དུ་འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་བཏང་ནས། འཕྲལ་སྡོམ་བྱེད་ཐབས་སོ་སོ་དོན་འཁྱོལ་ཡོང་བར་འགན་ལེན་པ་དང་། བྲུག་འགོག་གནོད་སྐྱོབ་ལས་དོན་སོ་སོར་གཅིག་གྱུར་འཆར་འགོད་གང་ལེགས་བྱེད་དགོས། གསུམ་ནས་ཕན་འབྲས་ཇེ་ཆེར་བཏང་སྟེ་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་པ། ཆར་བའི་སྔོན་ལ་རིམ་བཤེར་དང་ཆར་བའི་ཁྲོད་དུ་སྐོར་ཞིབ་དང་ཆར་བའི་རྗེས་སུ་ཞིབ་བཤེར་བྱེད་པ་བཅས་ཀྱི་ལས་དོན་ལེགས་པར་སྒྲུབ་དགོས། བཞི་ནས་ལས་རེས་ནན་སྲུང་གིས་ཆ་འཕྲིན་ཤར་གཏོང་ཡོང་བར་འགན་བླངས་ཏེ། གནམ་གཤིས་དང་ཆར་བའི་གནས་ཚུལ་ལ་དོ་ཁུར་ནན་མོས་སྔོན་བརྡའི་ཆ་འཕྲིན་ཁྱབ་གཏོང་བྱེད་པ་དང་། དུས་ཚོད24རིང་གི་ལས་རེས་ལམ་ལུགས་དོན་འཁྱོལ་ནན་མོས། ཐོག་མ་ཉིད་ནས་མང་ཚོགས་ལ་སྔོན་བརྡའི་ཆ་འཕྲིན་ཁྱབ་གཏོང་སྒོས། གནོད་འཚོ་བྱུང་ན་དེ་མ་ཐག་ཏུ་སྔོན་ཇུས་ལག་བསྟར་བྱས་ཏེ། བྱེད་ཐབས་ནུས་ལྡན་དང་ཉེན་གཡོལ་གསུམ། འཕྲལ་སྡོམ་གནས་སྤོ་གསུམ་བཅས་ལག་བསྟར་སྒོས། དུས་ལྟར་གནོད་འཚེའི་གནས་ཚུལ་ཡར་ཞུ་བྱེད་དགོས་པ་བཅས་བསྟན།