༄༅།།འཕྲིན་ཡིག་བསྐུར་ཡུལ་དང་མཐུན་པའི་གུས་ལུགས་ཁག་འབྲི་སྲོལ་གང་འདྲ་ཡིན།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡོངས་འཛིན་དྲ་བ་ལས་དྲངས། སྤེལ་དུས། 09-01


    ཕ་མ་སྤུན་མཆེད་ལ།  བྱམས་བརྩེ་བཀའ་དྲིན་མཚུངས་མེད་ཕ་མ་སྤུན་མཆེད་ལྷན་རྒྱས་མཆོག་གི་ཞབས་དྲུང་དུ་ཞེས་པ་ལྟ་བུ།  དགེ་བའི་བཤེས་གཉེན་ལ།  མ་ནོར་ལམ་སྟོན་གྱི་སྒྲོན་མེ་བདག་ཉིད་བརྩེ་ཆེན་གྱི་དགེ་བའི་བཤེས་གཉེན་བཟང་པོའི་ཞབས་སྐྱེས་སུ་ཞེས་པ་ལྟ་བུ།  དབུ་ཁྲིད་ལ།  དཔལ་ལྡན་དམངས་གཙོའི་ཐུགས་རྗེ་མཚུངས་མེད་དབུ་ཁྲིད་མཆོགགི་སྙན་ལམ་དུ་ཞེས་པ་ལྟ་བུའོ།  གྲོགས་པོ་གྲོགས་མོ་ལ།  རྒྱུན་གྲོགས་ཀྱི་བརྩེ་བ་འོ་ཆུ་ལྟ་བུ་འདྲེས་པའི་བདག་གི་གྲོགས་པོ་བཟང་པོའི་དྲུང་དུ་ཞེས་པ་ལྟ་བུ་སྐུར་ཡུལ་མི་འདྲ་བར་གུས་ལུགས་མི་འདྲ་བ་འབྲི་སྲོལ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1