སྔོན་གཤེགས་དཔའ་བོ་ཝང་ཡིའུ་ཅུན་གྱི་ཉེ་དུ་མཛོད་དགེ་རྫོང་དུ་ཡོང་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱས།

འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ།སངས་རྒྱས་ནོར་བུ།ཡོང་ཁུངས། སྤེལ་དུས། 09-04


    ཟླ8པའི་ཚེས26ཉིན། སྔོན་གཤེགས་དཔའ་བོ་ཝང་ཡིའུ་ཅུན་གྱི་ཉེ་དུ4ལེ་དབར་ཁྲི་ཡིས་ཆོད་པའི་ཧུའུ་པེ་ཞིང་ཆེན་ནས་མཛོད་དགེ་རྫོང་དུ་ཡོང་སྟེ།  ཡུལ་དངོས་ནས་བཅར་འདྲི་བྱས་པ་བརྒྱུད། སྔོན་བྱོན་པའི་གསར་བརྗེའི་བྱས་རྗེས་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས། སྔོན་བྱོན་གསར་བརྗེའི་དཔའ་བོར་རྗེས་དྲན་བྱས།

    ཐེངས་འདིའི་སྔོན་བྱོན་དཔའ་བོའི་ཞབས་རྗེས་འཚོལ་བའི་ཡུལ་སྐོར་ཁྲོད། སྔོན་བྱོན་དཔའ་བོ་ཝང་ཡིའུ་ཅུན་གྱི་ཉེ་དུ་རྣམས་མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོ་སྟེ་དཔའ་བོ་ཁོང་སྐུ་གཤེགས་སར་བསྐྱོད། ལོ་བརྒྱད་ཅུ་གྱ་བརྒྱད་སྔོན་གྱི་བབ་བཟོ་གཡུལ་འགྱེད་ཁྲོད་མཚན་མཆོང་དམག་དཔོན་ཞེས་སུ་འབོད་པའི་ཧྲི་ཀྲང་ཝང་ཡིའུ་ཅུན་གྱིས་དམག་དཔུང་གི་སྣེ་ཁྲིད་དེ་དམག་འཐབ་དྲག་པོ་བྱས། 1935ལོའི་ཟླ8པའི་ཚེས29ཉིན། ཝང་ཡིའུ་ཅུན་སྟབས་མ་ལེགས་པར་ད་ལྟའི་མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོར་སྐུ་གཤེགས། ཁོང་ནི་རྒྱང་སྐྱོད་སྐབས་སི་ཁྲོན་ནས་དཔའ་ཉམས་ངང་རྐྱེན་ལམ་དུ་ཤོར་བའི་དམག་དཔོན་རིམ་པ་མཐོ་ཤོས་ཡིན།

    བབ་བཟོ་གཡུལ་འགྱེད་དང་ཆོས་རྗེ་དགོན་པའི་དམག་འཐབ་གནས་ཤུལ་དང་། དམར་དམག་ཟམ་པ། རྒྱང་སྐྱོད་དྲན་གསོའི་རྡོ་རིང་བཅས་མཛོད་དགེའི་རི་ཆུ་ཚང་མར་དམར་དམག་གི་རྗེས་ཤུལ་བརྐོས་ཤིང་། སྔོན་གཤེགས་དཔའ་བོ་ཝང་ཡིའུ་ཅུན་གྱི་ཉེ་དུ་རྣམས་ཆོས་རྗེ་དགོན་པའི་དམག་འཐབ་གནས་ཤུལ་དང་ཆོས་རྗེ་ཡུལ་ཚོའི་སྔོན་གཤེགས་དཔའ་བོའི་བང་སོའི་མདུན་སོགས་སུ་བསྐྱོད་དེ། སྔོན་བྱོན་གསར་བརྗེ་བའི་བྱས་རྗེས་དང་གསར་བརྗེའི་སྙིང་སྟོབས་ལ་རྒྱུས་ལོན་ཞིབ་ཕྲ་གནང་།

    དཔའ་བོའི་སྐུ་ཕུང་སྔོ་ལྗང་རི་ཀླུང་དུ་སྦས། གསར་བརྗེའི་སྙིང་སྟོབས་བསྐལ་བརྒྱར་བརྟན།  སྔོན་གཤེགས་དཔའ་བོ་ཝང་ཡིའུ་ཅུན་གྱི་ཉེ་དུ་རྣམས་ཀྱིས་ཆོས་རྗེ་ཡུལ་ཚོའི་སྔོན་གཤེགས་དཔའ་བོའི་བང་སོའི་མདུན་དུ་མེས་པོར་མཆོད་འབུལ་བྱས། སྔོན་བྱོན་དཔའ་བོ་རྣམས་ཀྱི་བློས་གཏོང་ངར་བསྐྱེད་ཀྱིས་རང་སྲོག་འབེན་ལ་བཞག་པའི་གསར་བརྗེའི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་བཏང་ནས། སྔོན་བྱོན་དཔའ་བོའི་བྱས་རྗེས་མི་རབས་ནས་མི་རབས་བར་རྒྱུད་འཛིན་གྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས།

    ཝང་ཡུའུ་ཅུན་གྱི་ཕུ་བོ་གཉིས་པའི་ཚ་བོ་ཝང་ཝེ་ཆིན་གྱིས་བཤད་རྒྱུར། ང་ནི་ཧུའུ་པེ་ཧོང་ཀང་ཝུའུ་ཁུང་གྲོང་ཁྱེར་ཧྭ་ཆའོ་གྲོང་རྡལ་ཚའོ་ཐང་གྲོང་ཚོ་ནས་ཡིན། ཝང་ཡིའུ་ཅུན་གྱི་ཕུ་བོ་གཉིས་པའི་ཚ་བོ་ཡིན། ཁོ་ནི་ཝང་ཡིའུ་ཅུན་གྱི་ནུ་བོ་ལྔ་པའི་བུ་རེད། ཁོ་ནི་ཝང་ཡིའུ་ཅུན་གྱི་ཕུ་བོ་ཆེ་བའི་ཚ་བོ་རེད། ཁོ་ནི་ཝང་ཡིའུ་ཅུན་གྱི་ནུ་བོ་བཞི་པའི་ཚ་བོ་ཡིན། སྔོན་གཤེགས་དཔའ་བོ་ཝང་ཡིའུ་ཅུན་མཛོད་དགེ་རྫོང་ནས་སྐུ་གཤེགས་ཏེ། ལོ་ངོ་གྱ་བརྒྱད་འགོར་བར་རྗེས་དྲན་བྱེད་དུ་ཡོང་བ་ཡིན་ཟེར།

    མཛོད་དགེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་སུན་ཏན་གྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཚབ་བྱས་ནས། སྔོན་གཤེགས་དཔའ་བོ་ཝང་ཡིའུ་ཅུན་གྱི་ཉེ་དུ་རྣམས་ལ་དགའ་བསུ་ཞུས་པར་མ་ཟད། གསར་བརྗེའི་རྗེས་རབས་པ་རྣམས་མཛོད་དགེ་རྫོང་དུ་འཚམས་འདྲིར་སླེབས་ནས། བརྩེ་བའི་འབྲེལ་ཟམ་བརྟན་པོར་གཏོང་བའི་རེ་བ་བཏོན།

    མཛོད་དགེ་རྫོང་ས་གནས་ལོ་རྒྱུས་རྩོམ་སྒྲིག་ལྟེ་གནས་ཀྱི་ལས་དོན་མི་སྣ་དང་། མཛོད་དགེ་རྒྱང་སྐྱོད་སྙིང་སྟོབས་རྒྱུད་འཛིན་མཐུན་ཚོགས།  ཆོས་རྗེ་ཡུལ་ཚོའི་ཡུལ་གྱར་དམར་དམག་གི་རྗེས་རབས་པ་རྣམས་བྱེད་སྒོར་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1