བྲག་གསུམ་མཚོ་སྐོར་བའི་རྒྱལ་སྤྱིའི་རི་ཁུལ་རྐང་འཁོར་ཐང་རྒོད་མྱུར་ཚད་འགྲན་བསྡུར་མཇུག་འགྲིལ་བ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས། སྤེལ་དུས། 09-13


འདི་ནི་ཨང་དང་པོ་ཐོབ་པའི་གཡག་རྐང་འཁོར་རུ་ཁག་གི་རུ་མི་རྒྱལ་མཚན་ནོར་བུ(གཡོན་གྱི་གཉིས་པ)དང་། ཨང་གཉིས་པ་ཐོབ་པའི་པེ་ཅིང་GDRརྐང་འཁོར་རུ་ཁག་གི་རུ་མི་ཧོང་ཧྲེ་ཧའེ(གཡས་ཀྱི་གཉིས་པ) ཨང་གསུམ་པ་ཐོབ་པའི་ཀོང་ཏུང་ཧྲེན་ཀྲེན་ཞི་ཏེ་ཧྲེང་རྐང་འཁོར་རུ་ཁག་གི་རུ་མི་ཀུའོ་ཤིང་ཝེ(གཡོན་གྱི་དང་པོ)བཅས་ཀྱིས་སྐྱེས་པའི་ཚོགས་ཆུང་གི་བྱ་དགའ་སྤྲོད་པའི་མཛད་སྒོར་མཉམ་དུ་པར་རྒྱག་བཞིན་པ།


འདི་ནི་སྐྱེས་པའི་ཚོགས་ཆུང་གི་རུ་མིས་འགྲན་བསྡུར་བྱེད་བཞིན་པ།


ཟླ་9ཚེས་10ཉིན། དུས་ཡུན་ཉིན་གཉིས་ཀྱི་2023ལོའི་བྲག་གསུམ་མཚོ་སྐོར་བའི་རྒྱལ་སྤྱིའི་རི་ཁུལ་རྐང་འཁོར་ཐང་རྒོད་མྱུར་ཚད་འགྲན་བསྡུར་སྐབས་དགུ་པ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་དུ་བདེ་བླག་ངང་མཇུག་འགྲིལ་བ་རེད། འགྲན་བསྡུར་ལ་སྐྱེས་པའི་ཚོགས་ཆུང་དང་། བུད་མེད་ཀྱི་ཚོགས་ཆུང་། ཉམས་ལེན་ཚོགས་ཆུང་སོགས་ཚོགས་ཆུང་ལྔ་ལ་དབྱེ་བ་དང་། འགྲན་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་99ཡོད་ཅིང་། རྒྱལ་ཕྱི་རྒྱལ་ནང་གི་བདམས་ཐོན་པ་111འགྲན་བསྡུར་ནང་ཞུགས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1