༄༅།། མཚོ་ཕུ་ལྷ་མཚོ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ་ལས་དྲངས། སྤེལ་དུས། 09-13


མཚོ་ཕུ་ལྷ་མཚོ་ནི་གངས་ཅན་ས་ཡི་ཐིག་ལེ་སྨད་མདོ་ཁམས་སྒང་དྲུག་གི་ས་པའི་ཆར་གཏོགས་པའི་འབའ་མི་འགྱུར་ལྷུན་གྲུབ་རབ་བརྟན་ཡུལ་གྱི་ཡལ་གྱ་གླིང་དཀར་གཤིས་ཀྱི་ཁོངས་སུ་ཡོད་ཅིང་།མིག་སྔར་མཚོ་ཕུ་ལ་རྒྱལ་ཁབ་ཀྱི་རིམ་པ་ལྡན་པའི་ནགས་ཚལ་ལྡུམ་རའི་ཁོངས་གཏོགས་ཀྱི་ཆོག་མཆན་ཐོབ་ཐོག་དེའང་དཀར་མཛེས་ཁུལ་གྱི་དུང་དཀར་ལུང་པའི་རྗེས་ནས་འཛུགས་གཉེར་བྱ་རྒྱུའི་རྒྱལ་ཁབ་རིམ་པའི་ནགས་ཚལ་ལྡུམ་ར་ཨང་གཉིས་པར་གྱུར་ཡོད། གནས་དེ་འབའ་ཐང་རྫོང་མཁར་ནས་སྤྱི་ལེ120ཡི་རྒྱང་ཐག་ཡོད་པ་དང་། རྒྱལ་ལམ་ཨང318པའི་ཉེ་འགྲམ་སྟེ་ཧ་ལམ་སྤྱི་ལེ10ཡས་མས་ཀྱི་ས་མཚམས་སུ་ཡོད་ཅིང་།སྤྱི་ལེ་གྲུ་བཞི་མ4590ཡོད་པའི་ནགས་ཚལ་ལྡུམ་རའི་ཁོངས་གཏོགས་ཀྱི་ཁོ་ར་ཁོར་ཡུག་ཏུ་མཐོན་པའི་གངས་རི་དང་བརྗིད་པའི་བྲག་རི།ཚང་ཚིང་འཁྲིགས་པའི་ནགས་ཀླུང་།མ་ཕམ་གཡུ་མཚོ་གཉིས་པར་གྲགས་པའི་མཚོ་དང་དྭངས་ཞིང་མཛེས་པའི་མཚེའུ།གཡུ་གཅལ་བཀྲམ་པ་ལྟར་ཡངས་ཤིང་མཛེས་པའི་སྤང་ལྗོངས་བཅས་སུ།བྱ་ཝང་གོང་མོ་དང་ཆུ་བྱ་ངང་པ་སོགས་སྙན་པའི་གྲེ་འགྱུར་དང་འཁྱུགས་པའི་ཕུར་ལྡིང་གིས་མཛེས་པའི་འདབ་ཆགས་དང་།ཤྭ་བ་དགོ་བ་སོགས་བག་ཡངས་སུ་རྒྱུ་བའི་སྤུ་སྡུག་རི་དྭགས།གསེར་ཉ་འབྲུག་ཉ་སོགས་ཆུ་གནས་སྲོག་ཆགས།བཞི་བརྒྱ་རྩ་བཞིའི་ནད་ལ་ཕན་པའི་ཆུ་ཚན་དང་རྩ་ཆེ་བའི་རིན་ཆེན་རྟེན་དངོས། ལྷ་སྒྲུང་དང་རང་བྱོན་གྱི་དངོས་པོ་འབེལ་ཞིང་གཟི་བྱིན་རབ་ཏུ་འཚེ་བའི་དགོན་ཆུང་དང་སྒྲུབ་ཁང་བཅས་ཀྱིས་ཡུལ་དེ་ལྟ་ན་སྡུག་ཅིང་ཡིད་ཀྱི་དང་བ་འདྲེན་པའི་ལྗོངས་རྒྱུ་དང་གནས་སྐོར་མཆོད་མཇལ་བྱེད་ཡུལ་ངོ་མཚར་ཡིད་འཕྲོག་ཅན་ཞིག་ཏུ་ཆགས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1