མཛོད་དགེ་རྫོང་གིས་2023ལོའི་སེ་འབྲུའི་མེ་ཏོག་མཛོད་དགེ་མཐོང་བ་ཀུན་སྨོན་དུ་བཞད་ཅེས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོ་སྤེལ།

བཀྲ་ཤིས་ལྷ་མོས་བྲིས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-14



ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུ་བཅས་ཀྱི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་དང《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སློབ་གསོའི་རྣམ་པ་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།  རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཁུལ་བཙུགས་ནས་ལོ་འཁོར་70ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད། ཟླ་9ཚེས་པའི་ཚེས་10ཉིན། མཛོད་དགེ་རྫོང་འཛུགས་སྐྲུན་གཞུང་ལས་ཁང་གིས་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། རྫོང་སྲིད་ཁྲིམས་ཅུས། རྫོང་མི་རིགས་ཆོས་ལུགས་ཅུས་དང་མཉམ་འབྲེལ་སྒོས། 2023ལོའི་སེ་འབྲུའི་མེ་ཏོག་མཛོད་དགེ་མཐོང་བ་ཀུན་སྨོན་དུ་བཞད་ཅེས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོ་སྤེལ།


བྱེད་སྒོའི་ཡུལ་དངོས་སུ་ལས་དོན་མི་སྣས་དྲིལ་བསྒྲགས་སྦྱར་ཡིག་བཀལ་ནས་སྒྲོག་ཤོག་བཀྲམ་པ་བརྒྱུད། རྫོང་ཡོངས་ཀྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་དོན་སྙིང་དང་།  ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་གང་ལེགས་བྱས་ནས།  མང་ཚོགས་ལ་མི་རིགས་མཐུན་སྒྲིལ་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩི་བའི་འདུ་ཤེས་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ཏེ། མཛོད་དགེ་རྫོང་འཆམ་མཐུན་འཕེལ་རྒྱས་འགྲོ་བར་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན།

མཛོད་དགེ་རྫོང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཞུང་ལས་ཁང་གི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་ཀྲང་ཞའོ་ཅིང་གིས་བཤད་རྒྱུར།  མཛོད་དགེ་རྫོང་གིས་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་དང་འཛམ་གླིང་གི་ས་མཐོའི་བརླན་སའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་ཡག་ཤོས་བསྐྲུན་པར་དམ་འཛིན་བྱས་ཏེ། རྨ་ཆུ་དང་རྒྱང་སྐྱོད། འབྲོག་ལས། ཞིང་ལས་བཅས་རིག་གནས་བཞི་སྔོན་འདོན་གཏིང་ཟབ་བྱས། རྨ་ཆུའི་སྙིང་སྟོབས་དང་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཟབ་སྤེལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་ཇེ་བརྟན་དུ་བཏང་།


མཛོད་དགེ་རྫོང་གི་མང་ཚོགས་སྐུ་ཞབས་མོང་ལགས་ཀྱིས་བཤད་རྒྱུར།  བྱེད་སྒོ་འདིར་དོན་སྙིང་ཆེན་པོ་ལྡན། འདི་ལས་མི་རིགས་མཐུན་སྒྲིལ་སྐོར་གྱི་ཤེས་བྱ་མང་པོ་རྟོགས་ཐུབ། བྱེད་སྒོ་འདི་འདྲ་སྤེལ་ན་ལེགས་པོ་འདུག་སྙམ། 

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱེད་སྒོར《མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》དང《སི་ཁྲོན་ཞིང་ཆེན་ཆོས་ལུགས་ལས་དོན་ཅུས་ཀྱི་སྲོལ་ཡིག》《ཤེས་བྱའི་ཀློག་དེབ》དང་འབྲེལ་ཡོད་དྲིལ་སྒྲོག་ལག་དེབ་ཁྱོན་4000ལྷག་བཀྲམ།  མི་རིགས་མཐུན་སྒྲིལ་གྱི་མཚོན་རྟགས་ཡོད་པའི་ཆར་གདུགས་དང་ཆུ་ཕོར། ལག་ཁུག་ཁྱོན་400ལྷག་སྤྲད། ཐེངས་འདིའི་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོ་བརྒྱུད། རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་རང་འགུལ་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ལས་དོན་དུ་ཞུགས་པར་སྐུལ་སློང་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་ཀའི་ཁྱབ་ཁྱོན་རྒྱ་བསྐྱེད་དེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློ་བརྟན་འཛུགས་སྒོས་རིགས་སོ་སོའི་ཐུན་མོང་འདུ་ཤེས་ཇེ་ཟབ་ཏུ་བཏང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1