གཅིག དུས་ལ་བབ་ན། ཤ་མོང་གི་སྤང་བརྟོལ།
གཉིས། ཆུ་ཕྱེད་ཀ་བརྒལ་ན། ཧ་ཕྱེད་ཀ་གོ།
གསུམ། རིལ་རིལ་རྦ་ལ་ཤོར་བར། འཇོང་འཇོང་གིས་ལྟད་མོ་མ་བལྟ།
བཞི། ཁྲེལ་མེད་གསོན་པ་ལས། བག་ཡོད་ཤི་བ་དགའ།
ལྔ། སྤྱང་ཀི་མ་ལྟོགས་ཙམ་དང་། ལུ་གུ་མ་ཤི་ཙམ།
དྲུག སྣམ་བུ་དཀར་བོའི་ཚོས་མདོག་གང་ལ་བསྒྱུར་བསྒྱུར།
བདུན། རྡོ་རྗེ་གོ་ཁར་ལྷུང་ན། བུ་ཆུང་གི་རྩེད་ཆས།
བརྒྱད། དར་ལྕོག་སྡོད་དུས། རླུང་བུས་མི་འཇོག
དགུ། བདེན་པ་རང་ཆེ། ཧམ་པ་མི་ཆེ།
བཅུ། སྟག་མོ་ལྟོགས་ཀྱང་། རང་ཤ་མི་བཟའ།
བཅུ་གཅིག སྟག་ཐིག་ལེ་ཅན་དེ་ནགས་ལ་སོང་། ཁྱི་རྔ་མ་ཅན་དེ་ཤུལ་ན་ལུས།
བཅུ་གཉིས། ཐལ་བ་གནམ་ལ་གཏོར་ན། ཕྱེད་ཀ་རང་གི་མགོ།
བཅུ་གསུམ། ལྟོ་གར་ཟོས་ཀྱི་སྒོ་ཁྱི།
བཅུ་བཞི། དཀར་ཡོལ་ཆག་ཀྱང་། རི་མོ་བློ་ལ་ངེས།
བཅོ་ལྔ། བཀའ་རྡོ་རྗེ་གཅོད་པ། གསུང་སྤུ་གྲི་ངར་མ།
བཅུ་དྲུག རྐང་བ་ས་ལ་མ་ཚུགས་པར། མགོ་བོས་གནམ་བརྟོལ་རྒྱུ།
བཅུ་བདུན། རྐྱང་ལ་རྔོ་ཤོར་ན། རི་དྭགས་ཀུན་རྫད།
བཅོ་བརྒྱད། སྐམ་སའི་ཕྱག་རྒྱ་དེ། རློན་པའི་ཆུ་ནང་མི་ཡོང་།
བཅུ་དགུ། སྐེ་འདོད་ན་ཡང། ལྦ་བ་མི་འདོད།
ཉི་ཤུ། སྐྱུགས་བྲོ་ཡང་། ཨ་མའི་ལྟོ་ཕོར།
ཉེར་གཅིག སྐྲ་རྩེ་རླུང་གིས་བསྐྱོད་ཀྱང་། སྐྲ་རྩ་ཀ་ལིར་འབྱར་ཡོད།
ཉེར་གཉིས། ཁ་ལ་ཕུད་ན་སྨན། ཁོག་ལ་བཅུག་ན་དུག
ཉེར་གསུམ། ཁ་ཤས་བླ་མ་བསམ། ཁ་ཤས་ཚོགས་འཁོར་བསམ།
ཉེར་བཞི། ཁའི་དེ་བཞིན་གཤེགས་པས། ལུས་ཀྱི་སྒྲིབ་པ་མི་དག
ཉེར་ལྔ། ཁག་འཇོག་ས་ཁ་དཀར་རྐྱང་། མདའ་འབེན་ས་བྲེ་སེར་འབྲོང་།
ཉེར་དྲུག ཁྱི་རྒན་རྩིག་ཁུག་ལ་བཀར་ན། མཆེ་བ་མི་གཙིགས་ཀ་མེད།
ཉེར་བདུན། ཁྱི་དང་ཉེ་ན། རྨ་དང་ཉེ།
ཉེར་བརྒྱད། ཁྱི་སྨྱོ་ཡང་བདག་པོ་ངོ་ཤེས།
ཉེར་དགུ། གྲི་རྟུག་པོས་ཤ་མི་ཆོད།
སུམ་ཅུ། རྟ་ཐོག་ནས་གྲོག་མ་མི་རིག
སོ་གཅིག གློ་བ་ལ་མ་ཕན། མཆིན་པར་གནོད།
སོ་གཉིས། དགོས་པའི་ལྷ་ཁང་ནག་པོར་བཞག མི་དགོས་བྲག་ལ་སྐུ་དཀར་གསོལ།
སོ་གསུམ། མགོ་འོག་ཏུ་ལུས་ཆུག་པ།
སོ་བཞི། མགོ་ལས་དཔུང་བ་མཐོ་བ།
སོ་ལྔ། མགྲོན་པོ་གསར་བ་ལ་སྣེ་ལེན་བྱེད་ཆེད། གུ་ཡོག་རྙིང་བ་མེ་ལ་འབུད།
སོ་དྲུག རྒན་མོ་གསེར་ཁུར་གྱི་དུས་ལས། རྟ་བ་མདུང་ཁྱེར་གྱི་དུས་མིན།
སོ་བདུན། རྒྱ་ཇ་ཞན་ལེ་ཡིན་ནམ། བོད་ཆུ་ངན་ལི་ཡིན།
སོ་བརྒྱད། རྒྱ་མཚོ་སྐམ་ནུས་ན། སྦལ་བ་འཆི་ནུས།
སོ་དགུ རྒྱལ་བོའི་རྒྱལ་ས་མ་བདེ་ན། སྤྲང་བོའི་ཉལ་ས་མི་བདེ།
བཞི་བཅུ། རྒྱུ་མ་ཆད་ནའང་། གསོན་པོའི་རེ་བ།
ཞེ་གཅིག སྒྱེ་མོ་སྟོང་པས། རང་ཚུགས་མི་ཟིན།
ཞེ་གཉིས། སྒྲོན་མེ་འོད་སྣང་གསལ་ཡང་། རང་གི་ཞབས་ར་མི་གསལ།
ཞེ་གསུམ། ངང་བ་མཚོ་ལ་འབབ་པར། ཉ་མོ་སྐྲག་དོན་མེད།
ཞེ་བཞི། རྔ་མོང་ཆེ་རུང་སྒོ་ཕྱུགས། རི་བོང་ཆུང་ཡང་རི་དྭགས།
ཞེ་ལྔ། སྔ་མ་ཁ་བརྡབས་པར། མཇུག་མ་དགོད་ཁ་མ་ཤོར།
ཞེ་དྲུག སྔར་མགོ་ཡི་ཞྭ་ཉན་པ་དེ། ད་རྐང་བའི་ལྷམ་མི་ཉན།
ཞེ་བདུན། སྔར་སྦྲུལ་ཁྲ་བོས་སྲོག་བཅད། ད་ཐི་གུ་ཁྲ་བོར་ཡིད་མ་ཆེས།
ཞེ་བརྒྱད། བཅུ་གསུམ་ཁོག་རྩིས་མ་ཤེས་ན། གྲོང་བའི་ཨ་ཕ་ག་ལ་ཡོང་།།