༄༅།།བོད་ཀྱི་རི་ཆུའི་རིག་གནས་སྐོར་གླེང་བ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 09-19


  ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ས་གནས་གྱི་མཚེའུ་གཙོ་བོ་དག་གི་རི་ཆུའི་རིག་གནས་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་གསལ་ཐག་ཆོད་པ་བྱེད་ཆེད་དང་། ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཁྲོད་ཚུད་པར་སྙན་ཞུ་འབུལ་བ་དང་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གཉིས་ལ་རི་ཆུའི་རིག་གནས་རྒྱུ་ཆ་འདོན་སྤྲོད་བྱེད་ཆེད། ད་ལོའི་ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན་ནས་ཚེས་ཉེར་གཉིས་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་གྱིས་འབྲི་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གི་འབྲི་ཆུའི་ཚན་རིག་གླིང་དང་མཉམ་འབྲེལ་སྒོས། ཨ་ཆེན་གངས་རྒྱབ་ཀྱི་མཚེའུ་གཙོ་བོ་དྲུག་དང་འབྲི་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཐོག་དང་པོར་རི་ཆུའི་རིག་གནས་ཀྱི་ཐབས་སྤྱད་དེ་རྟོག་ཞིབ་བྱས། རྒྱུས་ལོན་བྱུང་བ་ལྟར་ན། ཨ་ཆེན་གངས་རྒྱབ་ནི་མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་སུ་གནས་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་བརྒྱད་དང་སྟོང་གསུམ་ལྷག་ཡོད་ལ། མཚོ་ངོས་ལས་སྨི་སྟོང་ལྔའི་ཡན་དུ་གནས་ཡོད། གནས་འདིའི་ས་བབ་མཐོ་ལ་གྲང་ངར་རྒོད་ཅིང་། མཁའ་དབུགས་གཉོམ་ཞན་དང་ལྡན་པས། རང་བྱུང་ཁོར་ཡུག་ཅུང་རྩུབ་སྤྱོད་དང་ལྡན། མི་རྣམས་ཀྱིས་དེར་མིའི་རིགས་འཚོ་མི་ཐུབ་པའི་ས་གནས་ཞེས་པའི་མིང་བཏགས་ཡོད། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་དང་འབྲི་ཆུའི་མགོ་ཁུངས་སྤྱི་གླིང་གཉིས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཨ་ཆེན་གངས་རྒྱབ་ས་གནས་སུ་འཁྱགས་རོམ་གྱི་གངས་རིས་མུ་ཁྱུད་ཡོངས་སུ་བསྐོར་ཡོད་ཅིང་། ན་འདམ་དང་མཚེའུ་སྐར་ཚོགས་ས་ལ་འཕོས་འདྲ་མངའ་བར་མ་ཟད། བརླན་ས་དང་ནེའུ་གསིང་གི་གཞི་རུ་གཙོད་དང་རྐྱང་རྒོད་སོགས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་བྱེད་ཡུལ་གལ་ཆེན་དུ་གྱུར་བའི་རི་སྐྱེས་སྲོག་ཆགས་མང་པོ་བག་ཡངས་སུ་རྒྱུ། མི་རིགས་ཀྱི་གནོད་འཚོ་ཕོག་ཚབས་ཆུང་བས། ཨ་ཆེན་གངས་རྒྱབ་ཀྱི་ས་གནས་མང་ཆེ་བས་གདོད་མའི་རང་བྱུང་ཁམས་ཀྱི་རྣམ་པ་སོར་འཇོག་བྱས་ཡོད། ད་ལོའི་ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན། རྟོག་ཞིབ་རུ་ཁག་མཚོ་ངོས་ལས་སྨི་སྟོང་བཞི་དང་བདུན་བརྒྱའི་མཚམས་ནས་སྒར་བཏབ་རྗེས། ཚན་རིག་རྟོག་ཞིབ་པ་ཉི་ཤུ་ལྷག་གིས་ཚན་རིག་གི་བྱེད་ཐབས་དང་ལག་ཆ་སྣ་མང་སྤྱད་དེ། ཨ་ཆེན་གངས་རྒྱབ་ཀྱི་མཚེའུ་གཙོ་བོ་དྲུག་དང་འབྲི་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ། ཐོག་དང་པོར་རི་ཆུའི་རིག་གནས་ཀྱི་ཐབས་སྤྱད་དེ་རྟོག་ཞིབ་བྱས།    །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1