སྡེ་དགེ་རྫོང་གིས་༢༠༢༣ལོའི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་མངོན་འགྱུར་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་ནུས་ལྡན་ངང་འབྲེལ་མཐུད་བྱེད་པའི་ལས་དོན་སྐུལ་འདེད་གཏོང་བའི་ཚོགས་འདུ་དང་རྒྱལ་ཁབ་དང་ཞིང་ཆེན་གྱི་བྱས་རྗེས་དཔྱད་དཔོག་བྱ་རྒྱུ་བསུ་བའི་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
ཉེ་ཆར། སྡེ་དགེ་རྫོང་གིས་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་མངོན་འགྱུར་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་ནུས་ལྡན་ངང་འབྲེལ་མཐུད་བྱེད་པའི་ལས་དོན་སྐུལ་འདེད་གཏོང་བའི་ཚོགས་འདུ་དང་རྒྱལ་ཁབ་དང་ཞིང་ཆེན་གྱིས་བྱས་རྗེས་དཔྱད་དཔོག་བྱ་རྒྱུ་བསུ་བའི་ལས་དོན་ཚོགས་འདུ་འཚོགས་པ། རྫོང་ཨུ་ཧྲུའུ་ཅིའི་ཚངས་དཀར་ཚུལ་ཁྲིམས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུངས་བཤད་མཛད་པ། ཁོང་གིས་ནན་གསུངས་གནང་དོན། སྤྱི་ཁྱབ་ཧྲུའུ་ཅིའི་ཞི་ཅིན་ཕིང་གིས་ཞིང་གསུམ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་ཕེབས་སྐབས་མཛུབ་སྟོན་གནང་བའི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དེ། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུའི་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་དང་ཞིང་ཆེན་གྱི་བྱས་རྗེས་དཔྱད་དཔོག་གི་འགག་རྩར་ཐུག་པའི་དམག་འཐབ་ལས་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས། རྫོང་ཨུ་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཧྥང་ཡིང་ཀྲོའོ་ཚོགས་འདུ་རུ་ཞུགས་པར་མ་ཟད་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་ནུས་ལྡན་ངང་འབྲེལ་མཐུད་དང་རྒྱལ་ཁབ་དང་ཞིང་ཆེན་གྱི་བྱས་རྗེས་དཔྱད་དཔོག་བྱ་རྒྱུ་བསུ་བའི་ལས་དོན་བཀོད་སྒྲིག་བྱས་པ།
གྲོས་ཚོགས་ཐོག་སྟོན་དོན། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་ནུས་ལྡན་ངང་འབྲེལ་མཐུད་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་དུ་གྱུར་པའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་རེད། ཞིང་ཨུ་དང་ཁུལ་ཨུ་ཡིས་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་ནུས་ལྡན་ངང་འབྲེལ་མཐུད་ཐེངས་མང་བྱས་པ་དང་། སྲ་བརྟན་དང་འབྲེལ་མཐུད་ལས་དོན་གཏིང་ཟབ་སྐུལ་འདེད་བཏང་ནས་གྲུབ་འབྲས་གསར་པ་ཐོབ་རྒྱུ་ལ་བཀོད་སྒྲིག་བྱས་པ། རང་རྫོང་ནི་ཁུལ་ཡོངས་སུ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་བརྒྱད་ཀྱི་གྲས་ཤིག་ཡིན་པས། རྒྱལ་ཁབ་གི་བྱས་རྗེས་དཔྱད་དཔོག་བསུ་རྒྱུ་ཡོང་སྲིད་པའི་ཚད་ཧ་ཅང་ཆེན་པོ་ཡོད་པ་རེད། རྫོང་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ཆབ་སྲིད་ཀྱི་གནས་བབ་སྔར་བས་མཐོ་རུ་བཏང་སྟེ། མིག་སྔའི་ཛ་དྲག་གི་དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་དགོས། རྒྱལ་ཁབ་དང་ཞིང་ཆེན་གྱི་དཔྱད་གཞི་དང་དཔྱད་དཔོག་ལས་དོན་ལ་བསུ་བ་ཞུ་རྒྱུ་དེ་ལོ་སྨད་ཀྱི་གལ་ཆེ་ཤོས་དང་། དགོས་གཏུག་ཆེ་ཤོས། ཆེས་འགག་རྩའི་ཆབ་སྲིད་ལས་འགན་བཅས་ལ་བརྩིས་ནས་དམ་འཛིན་བྱེད་དགོས། སྲ་བརྟན་དང་འབྲེལ་མཐུད་ཀྱི་ལས་དོན་དམ་འཛིན་ལེགས་པོ་བྱ་རྒྱུ་དེ་བློ་བརྟན་འགྱུར་མེད་ཀྱིས་གཏན་འཁེལ་གཉིས་ལ་བརྩི་བཀུར་ཞུ་བ་དང་། སྲུང་སྐྱོང་གཉིས་ཀྱི་ཆབ་སྲིད་ཞིབ་དཔྱད་མཐའ་གཅིག་་ཏུ་བྱེད་དེ། རྨོངས་ཚོད་ཀྱི་སྤྲོ་སྣང་དང་བག་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱ་དགོས། གྲོང་གསེབ་དར་རྒྱས་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས།
གྲོས་ཚོགས་ཀྱི་ནན་གསུངས་གནང་དོན། གཙོ་གནད་གལ་ཆེན་ལ་དམ་པོར་དམིགས་ཏེ། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་ནུས་ལྡན་ངང་འབྲེལ་མཐུད་བྱེད་པའི་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། འགན་སྲུང་གསུམ་དང་འཐུང་ཆུའི་བདེ་འཇགས་ཀྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས། ཤང་གྲོང་ཁག་དང་སྡེ་ཚན་ཁག་གིས་བླང་བྱ་བཞི་མི་འདོན་པ་དང་། ནུས་ཤུགས་གཅིག་སྒྲིལ་གྱིས་འགན་སྲུང་གསུམ་དང་འཐུང་ཆུའི་བདེ་འཇགས་ཀྱི་ལྟེ་བའི་དམིགས་ཚད་དོན་འཁྱོལ་ནན་པོ་བྱེད་དེ། དུས་ཐོག་ཏུ་ཞན་ཆ་ཞིབ་བཤེར་དང་། ཞན་ཆ་ལ་ཤུགས་སྣོན། རིམ་སྤོར་ལ་སྐུལ་འདེད་བཅས་བྱེད་ནས་འགན་ལེན་གསུམ་དང་འཐུང་ཆུའི་བདེ་འཇགས་འགན་ལེན་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། དབུལ་བྲལ་བརྟན་པོ་མེད་པའི་དུད་ཚང་དང་མཐའ་རྒྱུད་ཀྱི་དབུལ་པོར་འགྱུར་སླ་བའི་དུད་ཚང་སོགས་གཙོ་གནད་མི་ཚོགས་ལ་དམིགས་ནས། རྒྱུན་རྣམ་ཅན་དང་དྲ་མིག་ཅན་གྱི་དོ་དམ་ལྟ་ཞིབ་ཚད་ལེན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་། གཅིག་སྡུད་གྲལ་བཤེར་ལ་ཁྱོན་ཡོངས་ནས་ཁྱབ་པ་བྱེད་ནས། དབུལ་ཕོངས་བསྐྱར་ལོག་གི་མངོན་མེད་རྐྱེན་ངན་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང་། དགོས་མཁོ་དངོས་དང་ཟུང་འབྲེལ་བྱེད་ནས། གསར་སྤེལ་རང་བཞིན་བེད་སྤྱོད་ཡག་པོ་དང་། མཐའ་སྐྱོང་རང་བཞིན་གྱི་རོགས་སྐྱོར་བྱ་ཐབས་སྤྱད་དེ། བསྡུ་དགོས་ཀྱང་མ་བསྡུས་པ་དང་། ཕྱི་ནས་འཁོར་སྐྱོད། དཔྱད་ཞིབ་ལུས་ནས་རོགས་ཐོན་མེད་པ་བཅས་སྔོན་འགོག་བྱེད་དགོས། དགེ་མཚན་དང་ཁྱད་ཆོས་ལྡན་པའི་ཐོན་ལས་མུ་མཐུད་རྒྱ་སྐྱེད་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་འབྲེལ་མཐུད་མ་དངུལ་ཐོན་ལས་འཕེལ་རྒྱས་ལ་སྤྱོད་པའི་བསྡུར་ཚད་བརྒྱ་ཆ་༦༠ཡན་ཟིན་པ་བྱེད་དགོས་པའི་བླང་བྱ་ནན་པོ་བཏོན་པ། འབྲེལ་མཐུད་མ་དངུལ་དང་། རྣམ་གྲངས་འཛུགས་སྐྲུན། རྒྱུ་ནོར་དོ་དམ་དང་ཁེ་ཕན་མཉམ་འབྲེལ་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ནུས་ཤུགས་ལ་བརྟེན་ནས་༡ཐོག་༤སྣོན་གྱི་ཁྱད་ལྡན་ཐོན་ལས་ཀྱི་ཁྱབ་ཚུལ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ཐོན་ལས་དང་པོ་། གཉིས་པ་། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མུ་མཐུད་འཕར་སྣོན་ཡོང་བ་བྱེད་དགོས། དབུལ་སྒྲོལ་མི་འབོར་གྱི་རིགས་དབྱེ་ལས་ཞུགས་རོགས་སྐྱོར་བྱེད་ཐབས་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་༡༠མུ་མཐུད་དོན་འཁྱོལ་བྱེད་ནས། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་། ཐོན་ལས་ཀྱི་ཁེ་ཕན་མཉམ་འབྲེལ། ཁ་གཏད་རོགས་སྐྱོར་དང་ལས་ཞུགས་རོགས་སྐྱོར་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས། དབུལ་བྲལ་མང་ཚོགས་ཀྱི་ལས་ཞུགས་ནུས་པ་དང་ཕྱུག་འགྱུར་འབབ་འཕར་ནུས་པ་ཆེ་རུ་ཧུར་ཐག་བཏང་ནས། མཐོ་བ་གཉིས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས། གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། གྲོང་གསེབ་ཀྱི་གསང་སྤྱོད་ཀྱི་གསར་བརྗེ་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་ཏེ། ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་བྱ་སྤྱོད་སྤེལ་རྒྱུར་རྒྱུན་རྣམ་ངང་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་གཞི་རིམ་དུ་ཕྱོགས་རྒྱུར་སྐུལ་འདེད་གཏོང་བ། འགྲོ་ལམ་མགྱོགས་མྱུར་གསབ་སྣོན་དང་། ཆུ་གློག་དང་འཕྲིན་གཏོང་དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་གསབ་སྣོན་གཏོང་དགོས། སློབ་གསོ་དང་། སྨན་བཅོས། རྒན་གསོ་སོགས་སྤྱི་པའི་ཞབས་ཞུའི་དོ་སྙོམས་རང་བཞིན་དང་གོ་ཆོད་རང་བཞིན་ལ་ཤུགས་སྣོན་བརྒྱབ་ནས། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྐྱོད་པའི་ལག་ལེན་བྱེད་སྒོ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ་ཁྲིམས་སྐྱོང་གི་དུས་བདེའི་འཇགས་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།
གྲོས་ཚོགས་ཀྱི་ནན་གསུངས་གནང་དོན། ཚད་གཞི་དང་རེའུ་མིག་ལྟར་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་དང་ཞིང་ཆེན་གྱི་བྱས་རྗེས་དཔྱད་དཔོག་གི་འགག་རྩར་ཐུག་པའི་དམག་འཐབ་ལས་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས། ཚད་གཞི་དཔྱད་ཞིབ་ཀྱི་དམིགས་ཚད་ལ་ཞན་ཆ་གསབ་རྒྱུར་དམ་འཛིན་བྱེད་དགོས། ཤང་དང་གྲོང་རྡལ་ཁག་དང་སྡེ་ཁག་སོ་སོས་འགན་འཁྲི་དོན་འཁྱོལ་དང་། སྲིད་ཇུས་དོན་འཁྱོལ། ལས་ཀ་དོན་འཁྱོལ། ཕན་འབྲས་སྲ་བརྟན་དུ་གཏོང་བ་བཅས་ཕྱོགས་༤ཡི་ནང་དོན་ལ་དམིགས་ནས། ཁྱོན་ཡོངས་ནས་དབྱེ་དགར་དང་། ཞིབ་བཤེར་ནན་ཏན་། ཚད་བཤེར་ཁ་གསབ་བཅས་ཀྱི་ཐད་ལ་ཤུགས་བརྒྱབ་སྟེ། ཞིབ་བཤེར་བསུ་བའི་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་ངང་བསྒྲུབ་དགོས། ལྡོག་འདྲེན་གནད་དོན་རིགས་ཁག་ལ་དམིགས་ནས་མགྱོགས་མྱུར་དག་ཐེར་ཡོ་བསྲང་བྱེད་པར་དམ་འཛིན་བྱ་དགོས། སྐོར་གཟིགས་དང་། རྩིས་བཤེར། དཔྱད་དཔོག་སོགས་ལྡོག་འདྲེན་གནད་དོན་ལ་དམིགས་ནས། འགན་འཁྲི་ཁག་གི་འགོ་ཁྲིད་དང་འགན་འཁྲི་སྡེ་ཚན་གྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ། དོན་ཚན་རེ་རེ་བཞིན་ཞིབ་འཇུག་ཞིབ་ཚགས་བྱེད་ནས། བཅོས་སྒྲིག་གི་འཕེལ་རིམ་མགྱོགས་སུ་བཏང་སྟེ། དུས་ཐོག་ཏུ་སྤུས་ཚད་ལ་བརྟེན་ནས་གནད་དོན་བཅོས་སྒྲིག་ཐུབ་རྒྱུའི་འགན་ལེན་བྱ་དགོས། ཕྱོགས་ཡོངས་ནས་དཔྱད་བསྡུ་དང་དཔྱད་བསྡུར་བྱེད་པའི་བླང་བྱ་ལྟར་གྲ་སྒྲིག་གང་ལེགས་བྱ་དགོས། ཤང་གྲོང་རྡལ་ཁག་དང་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་སེམས་ཁྲལ་མི་དགོས་པ་གཉིས་དང་། འགན་སྲུང་གསུམ། འཐུང་ཆུའི་བདེ་འཇགས་སོགས་ཀྱི་དམིགས་ཚད་ལ་དམིགས་ཏེ། གཞི་རིམ་གྱི་ལས་བྱེད་པ་དང་རོགས་སྐྱོར་ལས་བྱེད་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་སྐུལ་སློང་གཏོང་ཏེ་སྒྲིག་འཛུགས་བྱེད་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གྲལ་བཤེར་ཆེན་པོ་ཐེངས་གཅིག་བྱེད་ནས། གནས་ཚུལ་གསལ་པོ་དང་བྱ་ཐབས་ཏན་ཏིག་ཡོང་བ་བྱེད་དགོས།
གྲོས་ཚོགས་ཀྱི་ནན་གསུངས་གནང་དོན། ལས་ཀའི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས། གཞི་ཁྱོན་ལྡན་པའི་དབུལ་པོ་བསྐྱར་ལོག་མི་ཡོང་བའི་གཞི་ཐིག་བརྟན་པོ་སྲུང་དགོས། ལས་ཀའི་འགན་འཁྲི་ནན་དུ་གཏོང་དགོས། རྫོང་ཨུ་ཞིང་ལས་གཞུང་ལས་ཁང་དང་། རྫོང་ཤང་གྲོང་དར་རྒྱས་ཅུས་ཀྱི་ཞིབ་བཤེར་བསུ་བའི་ལས་དོན་གྱི་བྱེད་སྒོའི་སློབ་སྟོན་ཤུགས་སྣོན་བརྒྱབ་ནས་གཅིག་གྱུར་འཆར་འགོད་དང་། མཐུན་སྦྱོར་། དོན་འཁྱོལ་ལ་སྐུལ་འདེད་། ལྟ་སྐུལ་མཛུབ་ཁྲིད་དང་ཕན་འབྲས་འདྲི་རྩད་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ། རྫོང་རིམ་པའི་འགོ་ཁྲིད་དེ་ལས་བགོས་དོ་དམ་སྡེ་ཚན་དང་འབྲེལ་གཏུག་བྱ་བའི་ཤང་གྲོང་དུ་བབ་ཏེ། ཡུལ་དངོས་སུ་ལྟ་སྐུལ་ཞིབ་བཤེར་དང་གནས་ཚུལ་གནད་ཁེལ་ཁོང་དུ་ཆུད་པ། ཞན་ཆ་ཐག་གཅོད་བཅས་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྫོང་ཨུ་ཞིང་ལས་གཞུང་དོན་ཁང་དང་རྫོང་སྲ་བརྟན་འབྲེལ་མཐུད་གཞུང་དོན་ཁང་གིས་དཔེ་དེབ་གཉིས་དང་ཡི་གེ་གཅིག་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འབྲེལ་མཐུད་ལྔ་དང་། ཕྱི་འདོམས་ཀྱི་བསླབ་བྱར་ལེན་པ་སོགས་ཀྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱེད་དེ། ཤང་གྲོང་ཁག་དང་སྡེ་ཚན་ཁག་ཏུ་བསྐྱོད་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཕན་འབྲས་འདྲི་རྩད་བྱེད་དེ། ལས་དོན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། བྱ་དགའ་དང་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས། རྫོང་ཨུ་ཡིས་ད་ཐེངས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་གྱི་བྱས་རྗེས་དཔྱད་དཔོག་བྱ་རྒྱུ་བསུ་བའི་ལས་དོན་དེ་ལས་བྱེད་པའི་ཕུལ་བྱུང་དང་སྔོན་ཐོན་དཔྱད་འདེམས་དང་གནས་སྤར་བློས་འགེལ་ཆོག་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་ཡིན་པ། ཞིབ་དཔྱོད་བསུ་བའི་ལས་དོན་ལ་གཡོ་ཟོལ་སླ་བཅོས་དང་མི་བདེན་རྫུན་སྒྲིག མངོན་བརྩི་ལྐོག་འགལ་བཅས་བྱས་ནས་རྫོང་ཡོངས་ཀྱི་སྤྱིའི་གདེང་འཇོག་ལ་ཤུགས་རྐྱེན་ཐེབས་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། ཚོགས་ཐོག །རྫོང་ཆུ་བེད་ཅུས་དང་། སློབ་གསོ་དང་ལུས་རྩལ་ཅུས། ཞིང་འབྲོག་དང་གྲོང་གསེབ། ཚན་རྩལ་ཅུས། འཁོར་ལོ་མདོ་ཤང་། ར་སྐོར་གོང་མའི་ཤང་སོ་སོས་གཏམ་བཤད་བྱས་པ་དང་། ཁྱིམ་དུ་ཡོད་པའི་རྫོང་རིམ་པ་གཞོན་པའི་འགོ་ཁྲིད་དང་། ཤང་གྲོང་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ། ཡུག་ཁུལ་ཁག་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་། རྣམ་པ་གསར་པའི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བཞི། རྫོང་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། །