“གནས་མཆོག་དཀར་མཛེས”ཀྱི་ཁྱད་ལྡན་ངལ་ལས་སྤུས་རྟགས་འདེམས་སྒྲུག་འགྲན་སྡུར་རོང་བྲག་རྫོང་དུ་སྤེལ།
འདེམས་སྒྲུག་འགྲན་སྡུར་གྱི་ཡུལ་དངོས།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཙོ་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཡུལ་སྡེ་དར་རྒྱས་གཏོང་བའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། “གནས་མཆོག་དཀར་མཛེས”ཀྱི་ཁྱད་ལྡན་ངལ་ལས་སྤུས་རྟགས་གང་མགྱོགས་གཏོད་པ། ཞིང་པ་ལས་མི་སྤུས་ཚད་མཐོན་པོའི་ངང་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། རང་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་ཡུལ་སྡེ་དར་རྒྱས་གཏོང་བར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱ་ཆེད། སྤྱི་ཟླ9པའི་ཚེས19ཉིན། ཁུལ་ཞིང་པ་ལས་མིའི་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་གཙོ་གཉེར་བྱས་པ་དང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། རོང་བྲག་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་བཅས་ཀྱིས་སྒྲུབ་འགན་འཁུར་བའི“གནས་མཆོག་དཀར་མཛེས”ཀྱི་ཁྱད་ལྡན་ངལ་ལས་སྤུས་རྟགས་ཀྱི་འདེམས་སྒྲུག་འགྲན་སྡུར་དེ་རོང་བྲག་རྫོང་དུ་སྤེལ། རྫོང(གྲོང་ཁྱེར)18ནས་བདམས་པའི་འགྲན་ཞུགས་འཐུས་མི་རུ་ཁག8འགྲན་སྡུར་ནང་ཞུགས་ཡོད་པ་རེད། ཞིང་ཆེན་ཞིང་པ་ལས་མིའི་ཞབས་ཞུ་ལྟེ་གནས་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་གི་ཞིང་བཟོ་ཁྲུའི་འབྲེལ་ཡོད་འགན་འཁུར་བ་གདན་ཞུས་ལྟར་ཡུལ་དངོས་ནས་འདེམས་སྒྲུག་འགྲན་སྡུར་ལ་མཛུབ་ཁྲིད་བྱས་པ་དང་། ཁུལ་དང་རྫོང(གྲོང་ཁྱེར)གི་ཞིང་པ་ལས་མིའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་འབྲེལ་ཡོད་འགན་འཁུར་བ་དང་འབྲེལ་ཡོད་ཁེ་ལས་ཀྱི་འཐུས་མིས་ཡུལ་དངོས་ནས་ལྟ་སྐོར་བྱས་པ་རེད།
ཐེངས་འདིའི་འདེམས་སྒྲུག་འགྲན་སྡུར་ལ་ལམ་འཁྲབ་དང་དྲི་བ་དྲིས་ལན་གྱི་ལྷུ་ཚིགས་གཉིས་སུ་དབྱེ་ཡོད། སི་ཁྲོན་ཞིང་ཆེན་གྱི་གྲགས་ཅན་ཞིང་པ་ལས་མིའི་ལས་དོན་རིགས་གཅིག་མཁས་ཅན་གྱི་སློབ་དཔོན་གདན་ཞུས་ལྟར་དཔྱད་འདེམས་པའི་འགན་འཁུར་དུ་བཅུག་པ་དང་འབྲེལ་ཡུལ་དངོས་ནས་དྲི་བ་དང་དཔྱད་བརྗོད་བྱས་པ་རེད། འགྲན་ཞུགས་བདམས་ཐོན་པ8ཀྱིས་པར་རིས་དང་། ཡིག་རིགས། དཔེ་སྟོན། PPTསོགས་ཀྱི་བྱེད་ཐབས་ཐོག་ནས་ཕྱོགས་མང་པོ་དང་ཁྱོན་ཡོངས་ནས་འགྲན་ཞུགས་ཁྱད་ལྡན་ངལ་ལས་སྤུས་རྟགས་རྣམ་གྲངས་འགྲེམས་སྟོན་བྱས་པ་དང་། དེའི་ནང་དོན་རྩེར་སོན་རྩལ་ནུས་དང་། དེང་རབས་ཞིང་ལས། སྲོལ་རྒྱུན་གཟུགས་མེད་རིག་གནས་ཤུལ་བཞག་སོགས་ཚུད་ཡོད་པ་རེད། བདམས་ཐོན་པ་ཚོས་རྣམ་གྲངས་འཁྲབ་སྟོན་གྱི་གོ་རིམ་ལྡན་ལ་ཚིག་སྦྱོར་ལེགས་ཞིང་ངོ་མཚར་ཆེ་བ་དང་། དཔྱད་འདེམས་ཨུ་ལྷན་གྱི་དྲི་བར་ལན་རྒྱག་པའི་ལྷུ་ཚིགས་སུ་དཔྱད་འདེམས་དགེ་རྒན་དང་སྤེལ་རེས་ཧུར་ཐག་བྱས་ནས་ལས་རིགས་ཁག་གི་རྩེར་སོན་ལག་རྩལ་དང་ལས་གཏོད་སྙིང་སྟོབས་གང་ལེགས་མངོན་ཡོད་པ་རེད། ཛ་དྲག་ཆེ་བའི་འགྲན་སྡུར་བྱས་པ་བརྒྱུད། དཔྱད་འདེམས་སྐར་གྲངས་ཀྱི་མཐོ་དམན་ལ་གཞིགས་ནས་བརྒྱད་ཟིལ་རྫོང་གི་མཛུབ་རྩེ་འབྲུག་དབྱངས་ཀྱི་ཁྱད་ལྡན་ངལ་ལས་སྤུས་རྟགས་དང་དར་མདོ་གྲོང་ཁྱེར་གྱི“མདོ་གྲོང་ལྷ་འབྲས་མཐར་པ”གཉིས་ཀྱི་ཁྱད་ལྡན་ངལ་ལས་སྤུས་རྟགས་དེ་རྫོང་རིམ་པའི་ཁྱད་ལྡན་ངལ་ནུས་སྤུས་རྟགས་བརྒྱད་ཀྱི་ཁྲོད་ནས་འབུར་དུ་ཐོན་ཏེ“གནས་མཆོག་དཀར་མཛེས”ཀྱི་ཁྱད་ལྡན་ངལ་ལས་སྤུས་རྟགས་སུ་གྱུར་ཡོད།
ཞིང་ཆེན་ཞིང་པ་ལས་མིའི་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བས་ཡུལ་དངོས་ནས་མཛུབ་ཁྲིད་བྱེད་སྐབས་བཤད་རྒྱུར། ཐེངས་འདིའི་འདེམས་སྒྲུག་འགྲན་སྡུར་གྱི་དམིགས་ཡུལ་ནི་ཕུལ་བྱུང་གི་ཁྱད་ལྡན་ངལ་ལས་སྤུས་རྟགས་དེ་བས་མང་བ་འདེམས་སྒྲུག་བྱས་ནས“གནས་མཆོག་དཀར་མཛེས”ཀྱི་ཁྱད་ལྡན་ངལ་ལས་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་བཏང་སྟེ་དཀར་མཛེས་ཁུལ་གྱི་ཁྱད་ལྡན་ངལ་ལས་སྤུས་རྟགས་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན། དཔེ་སྟོན་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ“གནས་མཆོག་དཀར་མཛེས”ཀྱི་ཁྱད་ལྡན་ངལ་ལས་སྤུས་རྟགས་གང་མགྱོགས་བསྐྲུན་ནས་མང་ཚོགས་འབབ་འཕར་ལ་སྐུལ་ཁྲིད་དང་། ཡུལ་སྡེ་དར་རྒྱས་ཡོང་བར་བྱེད་པ། མི་རིགས་ཀྱི་ཁྱད་ལྡན་ངལ་ལས་སྤུས་རྟགས་དེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས། ཐ་ན་འཛམ་གླིང་ཡོངས་ལ་ཁྱབ་པར་བྱེད་དགོས།
ཚོང་རྟགས་གྲགས་ཅན་གསར་བཟོ་བྱེད་པ་དང་ལས་གཏོད་ལ་སྐུལ་ཁྲིད་བྱེད་ནས་མང་ཚོགས་ཕྱུག་འགྱུར་དང་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཡོང་བ་བྱ་དགོས། ཉེ་བའི་ལོ་ཤས་རིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ངལ་ལས་སྤུས་རྟགས་སྐྱེད་སྲིང་དང་། འཛུགས་སྐྲུན། འཕེལ་རྒྱས་བཅས་ལ་མཐོང་ཆེན་བྱས་ནས“གནས་མཆོག་དཀར་མཛེས”ཀྱི་ཁྱད་ལྡན་ངལ་ལས་སྤུས་རྟགས་གཏོད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཏེ་ཁྱད་ལྡན་ངལ་ལས་སྤུས་རྟགས་གཏོད་པའི་བྱ་ཐབས22དོན་དུ་འཁྱོལ་བར་བྱས། སྲིད་ཇུས་དང་ཁྲོམ་རའི་མཉམ་ཤུགས་ཀྱི་སྐུལ་འདེད་འོག་ཁྱད་ལྡན་ངལ་ལས་སྤུས་རྟགས་དེ་མང་ཚོགས་ཀྱི་ལས་ཞུགས་དང་ཡུལ་སྡེ་དར་རྒྱས་ཀྱི་མིང་བྱང་གལ་ཆེན་དུ་གྱུར། མིག་སྔའི་བར། རྫོང་རིམ་པའི་ཁྱད་ལྡན་ངལ་ལས་སྤུས་རྟགས10རྒྱལ་ཁའི་ངང་བཏོད། དེའི་ནང་དཀར་མཛེས་ཀྱི“གེ་སར་རྒྱལ་པོ”དང་སྡེ་རོང་གི“སྡེ་རོང་རྒུན་ཆང་ལག་བཟོ”ངལ་ལས་སྤུས་རྟགས་གཉིས་པོ“གནས་མཆོག་དཀར་མཛེས”ཀྱི་ཁྱད་ལྡན་ངལ་ལས་སྤུས་རྟགས་སུ་བདམས་པ་རེད།
“གནས་མཆོག་དཀར་མཛེས”ཀྱི་ཁྱད་ལྡན་ངལ་ལས་སྤུས་རྟགས་གཏོད་པའི་གཙོ་གནད་ནི་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་མཚན་སྙན། འགྲན་རྩོད་ནུས་པ་བཅས་རེད། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཐེངས་འདིའི་འདེམས་སྒྲུག་འགྲན་བསྡུར་གོ་སྐབས་སུ་བྱས་ནས“གསོ་སྦྱོང་ལ་བརྟེན་ནས་སྤུས་རྟགས་གཏོད་པ་དང་། སྤུས་རྟགས་ལ་བརྟེན་ནས་ཁྲོམ་ར་རྒྱ་ཆེར་གཏོང་བ། ཁྲོམ་རར་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་གཞི་རྩའི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ། ཁྱད་ལྡན་ངལ་ལས་སྤུས་རྟགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ས་གནས་དེ་གའི་ཁྱད་ཆོས་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་ཕུལ་བྱུང་གི་ཁྱད་ལྡན་ངལ་ལས་སྤུས་རྟགས་བདམས་ཏེ་དཀར་མཛེས་ཀྱི་ཁྱད་ལྡན་ངལ་ལས་སྤུས་རྟགས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་ཆེན་པོ་འདོན་སྤེལ་གང་ལེགས་བྱས་ནས་ཞིང་པ་ལས་མི་སྤུས་ཚད་མཐོན་པོའི་ངང་ལས་ཞུགས་ཐུབ་པར་སྐུལ་མ་གཏོང་བ་དང་ཁྱད་ལྡན་ངལ་ལས་སྤུས་རྟགས་ཀྱི་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ། སྤུས་རྟགས་ཀྱི་ཕན་འབྲས་དེ་དཔལ་འབྱོར་ཕན་འབྲས་སུ་བསྒྱུར་བར་ཤུགས་བརྒྱབ་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་བའི་ཡོ་བྱད་དུ་འགྱུར་བ། དཀར་མཛེས་ཡུན་རིང་བདེ་འཁོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རྒྱུན་ཆད་མེད་པར་རོགས་རམ་བཅས་བྱས་ནས་ཀྲུང་གོའི་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་རྩོམ་པར“གནས་མཆོག་དཀར་མཛེས”ཀྱི་ཁྱད་ལྡན་ངལ་ལས་སྤུས་རྟགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བཤད། །