གངས་ལྗོངས་མཐོ་སྒང་གི་ལོ་རྒྱུས་རིག་གནས་གྲོང་ཁྱེར་མིང་གྲགས་ལྷ་ས།

ལྷ་སྒྲོན་མཚོ་ཡིས་བསྒྱུར། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 09-26


3.jpg

འདི་ནི་ལྷ་ས་གྲོང་ཁྱེར་ཡོངས་ཀྱི་རྣམ་པ་རེད།

       ལོ་ངོ 1300ལྷག་གི་ལོ་རྒྱུས་ལྡན་པའི་གནའ་གྲོང་ལྷ་ས་ནི་ཀྲུང་གོའི་ལོ་རྒྱུས་རིག་གནས་མིང་གྲགས་གྲོང་ཁྱེར་ཐོག་མའི་གྲས་ཤིག་ཡིན་ལ། རིག་དངོས་དང་ཚད་ལྡན་ཡིག་ཆ་ཆེས་མང་པའི་གྲོང་ཁྱེར་གྱིས་གྲས་ཀྱང་ཡིན་པས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སྣང་ཆེས་ལྡན་པའི་གྲོང་ཁྱེར་ཡིན།

ལྷ་ས་སྲང་ལམ་བརྒྱུད་དུས་སྲོལ་རྒྱུན་རིག་གནས་ཀྱི་སྐྱེ་སྟོབས་དུས་རབས་ལས་བརྒལ་ནས་ད་ལྟའི་རང་གི་གཟི་བརྗིད་མངོན་བཞིན་ཡོད། ཕོ་བྲང་པོ་ཏ་ལ་དང་ལྷ་ལྡན་གཙུག་ལག་ཁང་སོགས་ཀྱི་ལོ་རྒྱུས་རིག་གནས་བཟོ་བཀོད་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་བསུས་ཤིང་། བར་སྐོར་སྲང་ལམ་དུ་ཚོང་ཁང་མང་ཞིང་མི་ཚོགས་ཀྱིས་ཁེངས་བས་གྲོང་ཁྱེར་གྱི་ཚོང་ལས་ལྟེ་གནས་ཞེས་པའི་མཚན་སྙན་ལོ་ངོ་སྟོང་ཕྲག་ལྷག་ལ་འགྱུར་བ་བྱུང་མེད། 

ལོ་རྒྱུས་ཀྱི་རྒྱུད་འཛིན་ཡང་ནམ་ཡང་གྲོང་ཁྱེར་གྱི་འཚོ་བ་དང་ཡོངས་སུ་འདྲེས་ནས། གང་ས་གང་དུ་མཐོང་ཐུབ་པའི་གནའ་བོའི་བཟོ་བཀོད་ཤུལ་བཞག་དང་མི་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ། གྱོན་ཆས། སྒྱུ་རྩལ་སོགས་ནི་རིག་གནས་བྱ་གཞག་འཕེལ་རྒྱས་དང་བསྟུན་ནས་གསོན་ཤུགས་ལྡན་པ་དང་། དེ་ན་གཞོན་ཚོའི་དེང་རབས་འཚོ་བའི་ཁྲོད་འདྲེས་ཤིང་། ཡོད་ཚད་ཀྱིས་གནའ་གྲོང་ལྷ་སའི་སྤོབས་པ་དང་རིག་གནས་རང་རྟོན་གཞི་ནས་མཚོན་ཡོད། །

4.jpg

འདི་ནི་ལྷ་སའི་ན་གཞོན་ཚོ་ཡུལ་དངོས་རོལ་དབྱངས་དགོང་ཚོགས་ནང་ཞུགས་པའི་ཚུལ་རེད།

འདི་ནི་བར་སྐོར་ཉེ་འཁོར་གྱི་གནའ་བོའི་བཟོ་བཀོད་བཅོས་སྒྱུར་བྱས་པའི་མགྲོན་ཁང་ཞིག་རེད།

6.jpg

འདི་ནི་ཡུལ་སྐོར་བ་འགའ་ཡིས་ཕོ་བྲང་པོ་ཏ་ལ་མདུན་དུ་པར་རྒྱག་བཞིན་པའི་ཚུལ་རེད།

7.jpg

འདི་ནི་ཉི་འོད་འོག་གི་ཕོ་བྲང་པོ་ཏ་ལ་རེད།

8.jpg

འདི་ནི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་གྲོང་མི་ཚོས་སྐོར་བྲོ་འཁྲབ་བཞིན་པའི་ཚུལ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1