ཟླ་བ་10པའི་ཚེས་16ཉིན་གྱི་སྔ་དྲོ། ཅང་སུའུ་དགེ་འོས་སློབ་ཆེན་རྒྱ་བོད་ཁྲིམས་ལུགས་རིག་གནས་དང་ཁྲིམས་སྐྱོང་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ལྷན། ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་ལུགས་ཆེད་མཁས་པ་རྣམ་རྒྱལ་ལུང་ཡན་འཆིང་གིས་གཙོ་སྒྲིག་བྱས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་《ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་—རང་རྒྱལ་བོད་འབྲེལ་ས་ཁུལ་གྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དཔེ་ཚོགས》(རྒྱ་བོད་ཤན་སྦྱར)ཏེ། དེབ་བཅུའི་མུ་འབྲེལ་དཔེ་ཚོགས་ཀྱི་དེབ་གསར་འགྲེམས་སྤེལ་བྱེད་སྒོ་ཐེན་ཧྥུ་དཔེ་དེབ་འགྲེམས་སྟོན་སྐབས་ལྔ་པ་ཁྲེང་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་པ་རེད།
《ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་—རང་རྒྱལ་བོད་འབྲེལ་ས་ཁུལ་གྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དཔེ་ཚོགས》(རྒྱ་བོད་ཤན་སྦྱར་གྱི་དེབ1-10)ནི་2022ལོའི་ཀྲུང་དབྱང་གྲངས་ཉུང་མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ་གྱི་རིག་གནས་བདེ་འཇགས་ཁ་གསབ་མ་དངུལ་གྱི་(མི་རིགས་ཡི་གེའི་དཔེ་སྐྲུན་)དཔེ་སྐྲུན་རྣམ་གྲངས་ཤིག་ཡིན་ཞིང་། དཔེ་ཚོགས་དེར་དེབ་10ཡོད་དེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཉིན་བརྒྱའི་ཀློག་འགྲེལ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ཉིན་བརྒྱའི་ཀློག་འགྲེལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས》(རྒྱ་བོད་ཤན་སྦྱར) 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས》(རྒྱ་བོད་ཤན་སྦྱར) 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས》(རྒྱ་བོད་ཤན་སྦྱར) 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒན་རྒོན་གྱི་ཁེ་དབང་འགན་སྲུང་བྱེད་པའི་བཅའ་ཁྲིམས》(རྒྱ་བོད་ཤན་སྦྱར) 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས》(རྒྱ་བོད་ཤན་སྦྱར) 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་བཅའ་ཁྲིམས》(རྒྱ་བོད་ཤན་སྦྱར) 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བྱེད་པའི་བཅའ་ཁྲིམས》(རྒྱ་བོད་ཤན་སྦྱར) 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་ཀྱི་རིམས་འགོག་བཅའ་ཁྲིམས》(རྒྱ་བོད་ཤན་སྦྱར) བཅས་ཡིན་པ་རེད།
དཔེ་ཚོགས་འདིའི་དཔེ་སྐྲུན་གྱི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། དཔེ་ཚོགས་དེའི་ནང་རྒྱ་བོད་སྐད་ཡིག་གཉིས་ཀྱི་གསར་གཏོད་དཔེ་རྣམ་ཐོག་ནས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ། རང་རྒྱལ་གྱི་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ཁུལ་དང་རྫོང་གི་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ཁྲོད་ཀྱི་ཆབ་སྲིད་ཕན་འབྲས་དང་། སྤྱི་ཚོགས་ཕན་འབྲས། ཁྲིམས་སྐྱོང་ཕན་འབྲས་བཅས་འགན་ལེན་བྱས་ཡོད། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དོན་སྙིང་དང་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ཀྱི་ཕན་འབྲས་ཁྲིམས་ལྟར་ལག་བསྟར་དང་འགན་ལེན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་འདུ་ཤེས་དང་དེ་བཞིན་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་སོགས་ཀྱི་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་རེད།
འགྲེམས་སྤེལ་ཚོགས་འདུའི་ཐོག གཙོ་སྒྲིག་པ་རྣམ་རྒྱལ་ལུང་ཡན་འཆིང་གིས་ཇུས་འགོད་དང་ཡིག་སྒྱུར་གནང་མཁན་ཡིན་པའི་ཆ་ནས། དཔེ་ཚོགས་དེས་བོད་འབྲེལ་ས་ཁུལ་གྱི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ལས་བྱུང་བའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་གླེང་ཡོད། ཁོང་གིས། གཙོ་བོར་དཔེ་ཚོགས་དེ་བརྒྱུད་ནས་ཁྲིམས་སྐྱོང་བསམ་བློ་བོད་འབྲེལ་ས་ཁུལ་གྱི་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་ཁྱབ་པ་བྱས་ཐོག མང་ཚོགས་དང་ཉེ་བཅར་གྱིས་རྒྱ་ཆེའི་བོད་རིགས་སྤུན་ཟླས་དང་ལེན་དང་ལག་བསྟར་བྱ་རྒྱུ་དང་། གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་སྒྲིག་ལམ་དང་སྤྱི་ཚོགས་ཀྱི་ཁྲིམས་ལུགས་འབྱུང་ཁམས་འབྲེལ་མཐུད་ཐུབ་པ་བྱས་ནས། རྒྱལ་ཁབ་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་དཔེ་སྐྲུན་གྱི་ཐད་ནས། ཐེངས་འདིའི་དཔེ་ཚོགས་ཀྱིས་བོད་འབྲེལ་ས་ཁུལ་གྱི་ཁྲིམས་ལུགས་འཛུགས་སྐྲུན་དང་གཞི་རིམ་ས་ཁུལ་གྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ཀྱི་གལ་ཆེའི་བྱེད་ནུས་ཐད་ཞིབ་བསྡུར་དཔྱད་གླེང་གནང་ཡོད། ཁོང་གིས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བསམ་བློ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དང་དམངས་ཁྲིམས་སློབ་སྦྱོང་དྲིལ་བསྒྲགས་ཀྱི་གལ་ཆེའི་བསམ་བློའི་མཛུབ་སྟོན་ལ་ཤུགས་སྣོན་བརྒྱབ་ནས། དམངས་དོན་ཁྲིམས་གཞུང་དང་བཅའ་ཁྲིམས་ལྟེ་བར་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལྟ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མི་དམངས་མང་ཚོགས་ཁྲོད་ཁྱབ་པ་དང་དམངས་ཚོགས་ཀྱི་བློ་རུ་འབབ་པར་བྱས་ཏེ། ཁྲིམས་བཀུར་དང་ཁྲིམས་སྦྱོང་། ཁྲིམས་སྲུང་དང་ཁྲིམས་སྤྱོད་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས། བོད་འབྲེལ་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱ་དགོས་ཞེས་ནན་གསུངས་གནང་བ་རེད། །