ཆོས་རྗེ་ཡུལ་ཚོ་དམར་ཚང་གྲོང་ཚོའི་མོག་རོར་ལོ་ལེགས་བྱུང་།

གསར་འགོད་པ། བཀྲ་ཤིས་ལྷ་མོ། ལྷ་མོ་ཚེ་རིང་། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-20


ཉེ་བའི་ལོ་ཤས་རིང་། ཆོས་རྗེ་ཡུལ་ཚོས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་ཞིང་ལས་ཀྱི་ནུས་པ་སྣ་ཚོགས་འདོན་སྤེལ་དང་གྲོང་གསེབ་ཀྱི་སྣ་མང་རིན་ཐང་སྔོག་འདོན་བྱས། ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་གསེབ་ཀྱི་ཐོན་ཁུངས་དང་སྐྱེ་ཁམས་ཀྱི་ལེགས་བབས་ཐོན་ལས་ཀྱི་ལེགས་ཆར་བསྒྱུར། ཉེ་དུས་ཆོས་རྗེ་ཡུལ་ཚོ་དམར་ཚང་གྲོང་ཚོའི་མོག་རོ་ཐོན་སྐྱེད་རྟེན་གཞིར་མོག་རོར་ལོ་ལེགས་བྱུང་སྟེ་གཡུར་ཟའི་འབྲས་བུ་སྨིན། 

འདེབས་འཛུགས་རྟེན་གཞིར་མོག་རོའི་སྐྱེ་འཚར་ལེགས། ལོ་ལེགས་བྱུང་བས་ལས་མི་རྣམས་ཀྱི་གདོང་ལ་སྤྲོ་འཛུམ་གྱིས་ཁེངས་བཞིན་གོ་རིམ་ལྡན་པའི་ངང་མོག་རོ་འཐུ་བའི་ལས་ལ་བྲེལ། 

མོག་རོ་ནག་པོར་འཚོ་བཅུད་ལྡན་པས་འཛད་སྤྱོད་པས་དགའ་བསུ་ཐོབ། དེ་ནི་བརླན་བཤེར་འོས་འཚམས་ཡིན་པའི་ཁོར་ཡུག་ཏུ་སྐྱེ་འཚར་བྱུང་ཐུབ། དམར་ཚང་གྲོང་ཚོ་ནི་ཆོས་རྗེ་ཡུལ་ཚོའི་ཐག་རིང་སྲིད་འཛིན་གྲོང་ཚོ་ཞིག་ཡིན། བབ་བཟོའི་གདོད་སྐྱེས་ནགས་ཚལ་སྲུང་སྐྱོང་ཁུལ་དུ་ཆགས་ཡོད།  ཆ་སྙོམས་མཚོ་འཕགས་སྨི་3000ཟིན། དམར་ཚང་གྲོང་ཚོའི་གནམ་གཤིས་མོག་རོ་འདེབས་འཛུགས་ལ་འཚམ་པོ་ཡོད། ཉིན་མཚན་གྱི་དྲོད་ཚད་ལ་ཧེ་བག་ཆེ་བས་དྲོད་ཁང་དུ་འདེབས་འཛུགས་བྱེད་ཐབས་སྤྱད་པས་མོག་རོའི་སྤུས་ཀ་དང་ཐོན་འབོར་ལ་འགན་ལེན་བྱས། 

རྒྱུས་ལོན་པ་ལྟར་ན། མོག་རོར་བཟའ་བཅའི་ཚི་སྣ་དང་སྤྱིན་རྫས་ཀྱི་འདུས་ཚད་ཕུན་སུམ་ཚོགས་པོ་ཡོད་པས་ཕོ་བ་གསོ་བའི་ནུས་པ་ལྡན། འཇུ་བྱེད་གཤེར་ཁུ་བཏོན་ནས་རྒྱུ་ལམ་འགུལ་སྤྱོད་བྱེད་དུ་འཇུག་ཐུབ། མོག་རོ་ནག་པོར་འཚོ་རྒྱུ་Kདང་མོག་རོའི་མངར་ཆ་མང་པོ་འདུས་པས། ཁྲེག་འགྱུར་བཀག་འགོག་གི་ནུས་པ་ལྡན་པས་ཁྲག་གི་གར་ཚད་ཇེ་དམའ་རུ་བཏང་ནས། ཁྲག་དབལ་ཆགས་པ་དང་འཕར་རྩ་སྲ་འགྱུར་སྔོན་འགོག་དང་སྙིང་ཀླད་ཁྲག་རྩའི་ནད་ཕོག་ཚད་ཇེ་ཉུང་དུ་གཏོང་ཐུབ། 

ཆོས་རྗེ་ཡུལ་ཚོས་བཟའ་བྱའི་ཤ་མོ་རྟེན་གཞིར་དྲོད་ཁང་ཆེན་མོ་3བསྐྲུན་ཡོད། དྲོད་ཁང་དུ་ཤ་མོའི་སྡོང་དུམ་ཁྲི་1ཡོད། སྔོན་དཔག་བྱས་ན་ད་ལོ་མོག་རོ་རྒྱ་མ་ཁྲི་1.5ལྷག་ཙམ་ཐོན་པ་དང་སྤྱིའི་ཐོན་རིན་སྒོར་ཁྲི་10ཙམ་ཟིན་ངེས། རྟེན་གཞིས་ཐོན་སྐྱེད་བྱས་པའི་མོག་རོར་ཏེ་དབྱང་བཟོ་སྐྲུན་ལག་རྩལ་སློབ་གླིང་གིས་ཕྱིར་ཚོང་གི་འགན་བླངས། དུས་མཚུངས་སུ་ས་གནས་དེ་གའི་ཡུལ་མི་རྣམས་ལ་རང་ས་ནས་ལས་ཀར་ཞུགས་པར་སྐུལ་ཁྲིད་བྱས་པས། མོག་རོ་ཆུང་ཆུང་དེས་གྲོང་སྡེ་ལ་ཁེ་ཕན་ཆེན་པོ་རག་ཏུ་བཅུག

གྲོང་གསེབ་དར་སྤེལ་གཏོང་བར་ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་འགག་རྩ་ཡིན། ཉེ་བའི་ལོ་ཤས་རིང་། ཆོས་རྗེ་ཡུལ་ཚོས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་ཐོན་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་། ཡུལ་ཚོའི་ས་བབ་གྱི་ལེགས་ཆར་གཞིགས་ནས་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་སྒོས། འབད་འབུངས་ཡར་བརྩོན་གྱིས་ཐོན་ལས་འབྲེལ་ཐག་ཇེ་རིང་དུ་བཏང་ནས། ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་། ཞིང་པའི་ཡོང་འབབ་འཕར་སྣོན་སྒོས་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས།  གྲོང་གསེབ་དར་སྤེལ་ལས་དོན་སྤུས་ལེགས་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1